ཟླ11པའི་ཚེས8ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྲི་ཕུའུ་ལིན་ཀོ· རང་བྱུང་མངའ་འོག་གི་རིག་གཞུང་དུས་དེབ《རང་བྱུང-འཕྲིན་གཏོང》ཞེས་པར་གནམ་གཤིས་འགྱུར་ལྡོག་སྐོར་གྱི་དཔྱད་རྩོམ་གསར་པ་ཞིག་སྤེལ་བའི་ནང་དུ་པེ་ཀོ་ལིང་ལན་གླིང་ཕྲན་གྱི་འཁྱགས་སྒྲོམ་ཞུ་ཚད་ཧ་ཅང་མགྱོགས་པ་སྟེ། 1978ལོ་ནས་ད་བར30%ཡན་ཉུང་དུ་ཕྱིན་ཡོད་ཅེས་འཁོད་འདུག
རྩོམ་པ་པོས་གསལ་འདེབས་ཞུ་རྒྱུར། འཁྱགས་རོམ་གྱི་སྒྲོམ་གཞི་དེ་དག་ང་ཚོས་ཧ་ཅང་བརྟན་པོ་ཡིན་པར་བསམས་ཀྱང་། 2000ལོ་ནས་བཟུང་འཁྱགས་སྒྲོམ3རྦད་དེ་གས་ཁ་ཤོར་ནས་རྡིབ་ཟིན་ལ། ཤུལ་དུ་ལྷག་པའི་འཁྱགས་སྒྲོམ5ཡང་རྒྱ་མཚོ་དྲོད་འགྱུར་བྱུང་བ་དང་བསྟུན་ནས་བརྟན་འཇགས་མེད་པར་འགྱུར་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་མཚོ་ངོས་མཐོ་རུ་འགྲོ་བའི་མཇུག་འབྲས་ཚབས་ཆེན་སློང་ངེས།
2016ལོའི་ཟླ8པར། པེ་ཀོ་ལིང་ལན་གླིང་ཕྲན་གྱི Zachariæ Isstrøm འཁྱགས་རོམ་ལྷུང་བའི་འཁྱགས་རི་ཆེན་མོ། འཁྱགས་རོམ་དེ2003ལོར་གས་རྡིབ་བྱུང་ཞིང་། དེའི་རྗེས་སུ་རྒྱ་མཚོའི་ནང་འབབ་པའི་འཁྱགས་རོམ་མང་དུ་ཕྱིན་ཡོད།
དཔྱད་རྩོམ་དེའི་ནང་དུ་ངོ་སྤྲོད་བྱས་པར་གཞིགས་ན། ཀོ་ལིང་ལན་འཁྱགས་ཁེབས་ཞུ་བའི་སྟབས་ཀྱིས2006ལོ་ནས2018ལོའི་བར་དུ་མཚོ་ངོས17.3%གྱིས་མཐོ་རུ་ཕྱིན་པ་དང་། ཤུལ་དུ་ལྷག་པའི་ཆུ་ཁར་གཡེང་བའི་འཁྱགས་སྒྲོམ་དེ་ཀོ་ལིང་ལན་འཁྱགས་ཁེབས་ཀྱི་བྱང་རྒྱུད་དུ་གནས་ཤིང་། དེས་རྒྱ་མཚོའི་ནང་བཞུར་བའི་འཁྱགས་རོམ་གྱི་འབབ་རྒྱུན་སྙོམས་སྒྲིག་བྱས་ཏེ་འཁྱགས་ཁེབས་བརྟན་པོར་གཏོང་བཞིན་ཡོད། དེ་ཡང་པེ་ཀོ་ལིང་ལན་བྱང་རྒྱུད་ཀྱི་འཁྱགས་རོམ་དེ་འདས་པའི་ལོ20ནང་དུ་བརྟན་འཇགས་མིན་པར་གྱུར་པ་སྟེ། ཡང་གཅིག་བཤད་ན་ཆགས་པའི་དར་དེ་ཞུ་བའི་དར་ལས་ཉུང་བའི་རྐྱེན་ཡིན་ལ། དེའང་མཚོ་ངོས་སུ་གཡེང་བའི་འཁྱགས་རོམ་འགའ་ཤས་ཉམས་ཞན་དང་གས་རྡིབ་བྱུང་བའི་རྐྱེན་གྱིས་རེད། དེ་དག་གིས་མཚོ་ངོས་མཐོ་རུ་འགྲོ་བར་ཐེབས་པའི་ཤུགས་རྐྱེན་ལ་སྔར་ལས་ལྷག་པར་ཚོད་དཔག་བྱ་ཆེད། ངེས་པར་དུ་ཤུལ་དུ་ལྷག་པའི་འཁྱགས་སྒྲོམ་དེའི་འགྱུར་ལྡོག་གྱི་དུས་ཚོད་དང་འགུལ་རྐྱེན། འཁྱགས་ཀླུང་གི་རྣམ་པ་བཅས་གཏན་ཁེལ་བྱེད་དགོས། འོན་ཀྱང་འཁྱགས་སྒྲོམ་དེ་དག་གི་འཕེལ་འགྱུར་དང་ཤུགས་རྐྱེན་ཐེབས་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བས་ཕྱོགས་ཡོངས་ནས་བརྗོད་ཐབས་དཀའ།
དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ་དང་གསར་འགྱུར་འཕྲིན་སྤེལ་བ། ཧྥ་རན་སིའི་ཀོ་ལེ་ནོ་པུར-ཨར་པེ་ཨར་སི་སློབ་ཆེན་གྱིR. Millanབཅས་ཀྱིས་མཉམ་ལས་པ་དང་མཉམ་དུ། འཁོར་སྐར་གྱིས་བླངས་པའི་པར་རིས་སྟོང་ལྷག་དང་གནམ་གཤིས་དཔེ་འཛུགས་སྤྱད་ནས་པེ་ཀོ་ལིང་ལན་གྱི་འཁྱགས་རོམ་དང་། གནམ་གཤིས་དང་། རྒྱ་མཚོ་བཅས་ཀྱིས་ཕན་ཚུན་བྱེད་ནུས་འདོན་པའི་ཐད་ལ་དབྱེ་ཞིབ་བྱས་ཡོད། ཁོང་ཚོས་ལྟ་ཞིབ་བྱས་པ་བརྒྱུད་འཁྱགས་སྒྲོམ་གྱི་སྤུས་ཚད་ལ་མངོན་གསལ་དོད་ཅིང་ཁྱབ་རྒྱ་ཆེ་བའི་གནོད་སྐྱོན་ཐེབས་འདུག་པ་དང་། 2000ལོ་ནས་བཟུང་རྒྱ་མཚོ་དྲོད་འགྱུར་བྱུང་བ་དང་བསྟུན་ནས་འཁྱགས་སྒྲོམ་གྱི་གཏིང་རིམ་ནས་གངས་ཞུ་བ་རྟོགས་ཡོད། གཞན་ཡང་ཁོང་ཚོས་ད་དུང་ཀོ་ལིང་ལན་གྱི་འཁྱགས་རོམ་ཇེ་ཆུང་དུ་འགྲོ་འགོ་བརྩམས་པ་དང་རྒྱ་མཚོའི་ནང་བཞུར་བའི་འཁྱགས་རྒྱུན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། འདི་དང་འཁྱགས་སྒྲོམ་ཉམས་ཉེས་དུས་གཅིག་ཏུ་འབྱུང་བཞིན་ཡོད་པ་ཤེས་རྟོགས་བྱུང་།
དཔྱད་རྩོམ་རྩོམ་པ་པོས་ཕྱོགས་སྡོམ་བྱས་ནས་བརྗོད་དོན། ཐེངས་འདིའི་དཔྱད་འབྲས་ལས་མངོན་པར། རྒྱ་མཚོའི་ཚ་ཤུགས་ཀྱི་གནོན་ཤུགས་འོག་མ་འོངས་པར་སྔོན་དཔག་བྱས་ན། རྨང་གཞིའི་ཞུ་ཚད་དེ་བསྟུད་མུར་ཇེ་མཐོར་འགྲོ་བའམ་ཡང་ན་མུ་མཐུད་དུ་ཆུ་ཚད་མཐོན་པོར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། དེས་པེ་ཀོ་ལིང་ལན་འཁྱགས་རོམ་གྱི་བརྟན་འཇགས་ལ་གཏོར་བརླག་བཟོ་སྲིད། ཁོང་ཚོས་གལ་ཏེ་འཁྱགས་སྒྲོམ་ཡོངས་སུ་གས་རྡིབ་བྱུང་ཚེ། ཀོ་ལིང་ལན་བྱང་རྒྱུད་ཀྱི་འཁྱགས་རོམ་གྱིས་མཚོ་ངོས་ཀྱི་མཐོ་ཚད་ཡར་འཕགས་སུ་འཇུག་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།