ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

རྒན་སྤེན་པ་ལགས་ཀྱི་སྒྱུ་རྩལ་ལམ་བུ།

སྤེལ་དུས 2018-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཆོས་སྒྲོན།

རྒན་སྤེན་པ་ལགས་ཀྱིས་ཐང་ཀ་བྲིས་བཞེངས་གནང་བཞིན་པ།
          རྒན་སྤེན་པ་ལགས་ནི་བོད་ལྗོངས་རི་མོ་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་། ལྷ་ས་གྲོང་ཁྱེར་རི་མོ་མཁས་པའི་མཐུན་ཚོགས་ཀྱི་དམངས་ཁྲོད་རི་མོ་མཁས་ཅན། གྲགས་ཅན་ཐང་ཀའི་སྒྱུུ་རྩལ་པ། བོད་ཀྱི་སྲོལ་རྒྱུན་སྨན་ལུགས་ཐང་ཀའི་རྒྱུད་འཛིན་པ་ཞིག་རེད། ད་བར་ཁོང་གིས་ཐང་ཀའི་བྲིས་བཞེངས་ལས་ལ་ཞུགས་ནས་མི་ལོ ༣༠ སོང་ཡོད་པ་དང་། ལོ་ངོ་དེ་དག་ནང་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ནུས་པའི་སྙིང་སྟོབས་ལས། ཕུལ་བྱུང་བརྩམས་བྱ་སྟོང་ཕྲག་དུ་མ་བྲིས་བཞེངས་གནང་ཡོད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྟོན་གནང་བར་གཟི་བརྗིད་མཚན་སྙན་ཡང་མི་ཉུང་བ་ཞིག་ཐོབ་ཡོད། ལོ་ངོ་དུ་མའི་ནང་ཁོང་གིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ། བསམ་ཡས་དགོན་པ་སོགས་ཀྱི་ལྡེབ་རིས་དང་ཐང་ཀའི་ཉམས་གསོའི་ལས་ཀར་ཞུགས་ཅིང་འབྲེལ་ཡོད་ཚན་པའི་ཁས་ལེན་གང་ལེགས་ཐོབ་ཡོད། ལོ་རབས ༩༠ པའི་ནང་། རང་ཉིད་ཀྱི་ཐང་ཀའི་ལས་ཤག་ཤིག་བཙུགས་གནང་ཡོད།
          རྒན་སྤེན་པ་ལགས་ནི་དུས་རབས་ཉི་ཤུ་པའི་ལོ་རབས ༦༠ ནང་བོད་ལྗོངས་ལྷ་སར་འཁྲུངས་པ་དང་། དགུང་ལོ ༡༩ ཕེབས་དུས་དགེ་བའི་བཤེས་གཉེན་ཀུན་བཟང་རྣམ་རྒྱལ་ལགས་ཀྱི་དྲུང་ནས་ཐང་ཀའི་བྲིས་བཞེངས་ལས་ལ་ཐོག་མར་འཇུག དེ་རྗེས་རྒན་ལགས་ཁོང་དང་ལྷན་དུ་ཕོ་བྲང་པོ་ཏ་ལའི་སྡེབ་རིས་དང་ཐང་ཀའི་ཉམས་གསོའི་ལས་དོན་ལ་ཞུགས་པས། ཚོན་རིགས་སྤེལ་སྟངས་དང་ཐིག་རིས་རྒྱག་སྟངས་སོགས་ལ་བརྒྱུད་མངའ་མི་དམན་པ་བྱུང་། སྐབས་དེ་ནས་བཟུང་། ཁོང་གིས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ། མུ་མཐའ་མི་མངོན་པའི་སྲོལ་རྒྱུན་ཐང་ཀའི་སྒྱུ་རྩལ་གྱི་ཐང་ཡངས་པོར་རང་ཉིད་ལ་དབང་བའི་སྒྱུ་རྩལ་གྱི་ལམ་བུ་ཞིག་འཚོལ་ཞིབ་གནང་ཡོད།
          སྤྱི་ལོ ༢༠༠༤ ལོར། རྒན་སྤེན་པ་ལགས་ཀྱིས་བྲིས་བཞེངས་གནང་བའི་ཐང་ཀའི་བརྩམས་ཆོས་བརྒྱ་ལྷག་ཙམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་འགྲེམས་བྱས་པའི་བོད་ཀྱི་ཞལ་ཐང་ཀུན་བཏུས་ཞེས་པའི་དེབ་ནང་ཚུད་ཡོད་པ་དང་། དེབ་དེའི་ནང་ཚབ་མཚོན་རང་བཞིན་གྱི་ཐང་ཀའི་བརྩམས་ཆོས ༢༨༩ ཙམ་བསྡུས་ཡོད་པ་རེད། སྤྱི་ལོ ༢༠༠༧ ལོར། རྒན་སྤེན་པ་ལགས་ཀྱིས་བྲིས་བཞེངས་གནང་བའི་ཨའོ་ལིམ་ཕིག་བརྗོད་དོན་དུ་བྱས་པའི་བརྩམས་ཆོས་ལྗོངས་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་མངགས་ལྟར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་བས། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་དགའ་བསུ་ཐོབ་པ་མ་ཟད། སྐབས་བཞི་པའི་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་འགྲེམས་སྟོན་ཐོག ཁོང་གི་བརྩམས་ཆོས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཞལ་ཐང་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
          ད་ལྟ། བོད་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་ནས། འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བ་མང་པོས་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་སྒྱུ་རྩལ་ལ་མཉེས་པོ་གནང་གི་ཡོད་པས། ཁོང་གི་སྒྱུ་རྩལ་ལམ་བུར་གསོན་ཤུགས་གསར་པ་རྒྱས་བཞིན་ཕྱིས།།