ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི་གནས་ཚུལ་སྐོར།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།



  ཁོང་ནི་༡༩༣༣ལོར་མཚོ་སྔོན་ཞིང་ཆེན་ཙོང་ཁ་བདེ་ཁམས་ཅོང་རྩི་སྡེ་བར་སྐྱེས།༡༩༥༤ལོའི་ཟླ༧པའི་བར་ནུབ་བྱང་སྒྱུ་རྩལ་སློབ་གླིང་དུ་སློབ་སྦྱོང་གནང་ཞིང་སྐབས༥༥པའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་ལག་ཁྱེར་ཐོབ། ༡༩༥༤ལོར་ཀན་སུའུ་ཞིང་ཆེན་གླུ་གར་ཚོགས་པའི་ལས་སྒོའི་ཚན་ཆུང་གི་འགོ་གཙོ་དང་གསར་རྩོམ་ཚན་ཆུང་གི་འགོ་གཙོ་སོགས་ཀྱི་འགན་བཞེས། ༡༩༧༩ལོར་ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས། ༡༩༩༠ལོའི་ཟླ༡༢པ་ནས༢༠༠༠ལོའི་ཟླ༣པར་ཀན་སུའུ་ཞིང་ཆེན་རྩོམ་རིག་གླིང་གི་ཆེད་ལས་རྩོམ་པ་པོ་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས། ཁོང་ནི་ཀན་སུའུ་ཞིང་ཆེན་གྱི་སྐབས་དགུ་པའི་འཐུས་མི་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་དང་པོ་དང་ཐེངས་གསུམ་པའི་འཐུས་མི། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་པ། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་དང་པོ་དང་གསུམ་པ་སོགས་ཀྱི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྒྱུན་ལས་པ། མི་རིགས་རྩོམ་རིག་གི་སྐབས་དང་པོ་དང་གཉིས་པའི་ལས་འཛིན་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱི་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀན་སུའུ་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀན་སུའུ་ཞིང་ཆེན་གྱི་སྐབས་དང་པོའི་བོད་རིག་པའི་ཞིབ་འཇུག་ཁང་དང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་ཚོགས་གཙོ་གཞོན་པ། སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྐབས་གཉིས་པའི་ལས་འཛིན་ཚོགས་པའི་ལས་འཛིན། གྲོང་ཁྱེར་ལན་གྲུའི་སྲིད་གྲོས་ཀྱི་རྒྱུན་ལས། བོད་ཀྱི་རིག་གནས་འཕྲིན་དྲའི་ཆེད་ཞུས་རྩོམ་སྒྲིག་པ་དང་རྩོམ་པ་པོ། ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་པ་པོ། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་རིག་གླིང་གི་ཆེད་ལས་རྩོམ་པ་པོ། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདོན་པ་དང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་མཚན་འཛིན་སློབ་དཔོན་ཆེན་མོ་བཅས་ཀྱི་འགན་བཞེས་མྱོང་། ཁོང་གིས་སྐུ་ཚེ་ཧྲིལ་བོར་རྩོམ་རིག་སྒྱུ་རྩལ་གྱི་ཕྱག་ལས་མཛད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་གསར་རྩོམ་གནང༌།
  བརྩམས་ཆོས་སྐོར་རགས་ཙམ་ཞུས་ན། དུས་རབས༢༠པའི་ལོ་རབས༥༠པ་ནས་བཟུང་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ནས་སྔ་རྗེས་སུ་དམངས་གླུ་ཕྱོགས་བསྒྲིགས། གཉེན་སྟོན་གྱི་གླུ་དང༌། སྙན་རྩོམ་ཕྱོགས་བསྒྲིགས་གངས་རི་ཞེས་པ་དང་། གངས་སེང་། གངས་ལྗོངས། གངས་དབྱངས། གངས་ལྗོངས་ཀྱི་ཉི་མ། དཔྱད་རྩོམ་ཕྱོགས་བསྒྲིགས་གངས་སེང་དཀར་མོའི་ང་རོ། རྣམ་ཐར་གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག་སོགས་པར་དུ་བསྐྲུན། ༡༩༨༠ལོ་ནས་བཟུང་སྙན་རྩོམ་ཉི་འོད་འབུལ་བའི་མི་དང་། ཨ་མའི་སྙིང་ནས་གདམས་པའི་གླུ། ཚེ་སྲོག་དར་རྒུད་ཀྱི་དབྱངས་རྟ། སྙན་དེབ་གངས་སེང་། གངས་ལྗོངས་ཀྱི་ཉི་མ། གངས་སེང་དཀར་མོའི་ང་རོ། གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག་སོགས་བརྩམས་ཆོས་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ༢༠ལྷག་ཐོབ་མྱོང༌། ༢༠༠༤ལོའི་ཟླ༡༠པའི་ཚེས༢༤ཡི་ཞོགས་པའི་ཆུ་ཚོད་གསུམ་ཡས་མས་སུ་གྲོང་ཁྱེར་ལན་གྲུ་རུ་སྐུ་གཤེགས་སོ། །