དེ་ཡང་༢༠༠༧ལོར་ཀྲི་ཅཱ་ཀི་སློབ་ཆེན་ནས་འགྲེམས་སྤེལ་བྱས་པའི་ཨ་རིའི་མེ་ཞི་ཀིན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ།བོད་རིག་ཆེད་པ་བའི་ཆེད་མཁས་པ་ཐང་ན་ཏི་ཞོ་ལོ་ཕེ་ཛི་(Donald S.Lopez Jr.)ལགས་ནས་མཛད་པའི་སྨྱོན་པའི་དབུ་མ་སྟེ་བོད་རིགས་བཙུན་པ་དགེ་འདུན་ཆོས་འཕེལ་ལགས་ནི་ཞལ་རས་ངོ་མ་(The Madman's Middle Way:Reflections on Reality of the Tibetan Monk Gendun Chopel)ཞེས་པ་དེ་རེད། དེབ་འདི་ཁོང་གིས་དགེ་འདུན་ཆོས་འཕེལ་ལགས་ཀྱི་བོད་ཡིག་གིས་བྲིས་པའི་དབུ་མའི་ལྟ་བ་ཀླུ་སྒྲུབ་དགོངས་རྒྱན་གྱི་བསྒྱུར་རྩོམ་དང་ཞིབ་འཇུག་བཅས་ལས་གྲུབ་ཅིང་།ཚན་པ་དྲུག་ཏུ་ཕྱེས་ཅིང་། དེ་ལ་མི་ཚེ། རྩོམ་ལུགས།གདེང་འཇོག མཛད་པ་པོ། དགག་བཞག དེང་རབས་ཀྱི་གནད་དོན་བཅས་འདུའོ།
ལོ་ཕེ་ཛི་ལགས་ནས་དབྱིན་བསྒྱུར་གྱི་ཀླུ་སྒྲུབ་དགོངས་རྒྱན་དང་ཆབ་ཅིག་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དང་རིག་གཞུང་དང་དབུ་མའི་དགོངས་པ་བཅས་གཏིང་ཟབ་པའི་ཞིབ་འཇུག་གནང་བ་དང་། གཞན་ཁོང་གིས་དགེ་འདུན་ཆོས་འཕེལ་ལགས་ནས་དགོངས་རྒྱན་མཛད་མིན་ལ་རྟག་ཏུ་ལྷགས་པའི་རྩོད་ཉོག་དང་། དགེ་བཤེས་ཤེས་རབ་རྒྱ་མཚོའི་མཚོན་པའི་དགེ་ལུགས་པའི་དགེ་བཤེས་གྲགས་ཅན་དག་གི་དགག་བཞག་གནང་ཚུལ་དང་། དགོངས་རྒྱན་འདི་བོད་བརྒྱུད་ནང་བསྟན་གྱི་དེང་རབས་ཐོལ་བརྒལ་གྱི་དགོངས་པར་གླེང་ཡོད།
ལོ་ཕེ་ཛི་ལགས་ནས་དགོངས་རྒྱན་འདི་ཆེས་ཟབ་ཚད་ལྡན་པའི་བརྩམས་ཆོས་ཞིག་སྟེ། མཛད་པ་པོའ་རིག་ལམ་གྱི་བརྒལ་བརྟག་ལས་སླ་མོར་རྟོགས་དཀའ་ཞིང་།ཨེ་ཤ་ཡའི་ནང་ཆོས་དང་ལྷག་པར་སངས་རྒྱས་ཆོས་ལུགས་ལ་གཟབ་ནན་གྱིས་སློབ་སྦྱོང་པ་དག་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་རེད།ལོ་ཕེ་ཛི་ལགས་ནས་འགྲེལ་བཤད་དུ་སྨྱོན་པའི་དབུ་མ་ཟེར་བ་ནི་སྐབས་དེར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་དགེ་ཆོས་ལགས་གཉིས་རིགས་ལམ་རྩོད་སྐབས་སྨྱོན་པ་རུ་བཏགས་ཤིང་། དགེ་འདུན་ཆོས་འཕེལ་རང་ཉིད་ནས་ཀྱང་ཁོང་ལ་སྨྱོན་པར་འབོད་ཀྱིན་ཡོད། བོད་རྣམས་ཀྱིས་ཀླུ་སྒྲུབ་ནི་དབུ་མའི་ཤིང་རྟའི་སྲོལ་འབྱེད་དང་།དེབ་འདི་ནི་དགེ་ཆོས་ལགས་ཀྱི་ཀླུ་སྒྲུབ་གྱི་དགོངས་འགྲེལ་རེད། སྔོན་མར་སྨྱོན་པའི་དབུ་མ་(The Madman's Middle Way)རུ་བཏགས་ཤིང་། འདི་ཉིད་བསྒྱུར་སྐབས་སྨྱོན་པའི་དབུ་མ་སྟེ་བོད་རིགས་བཙུན་པ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཞལ་རས་ངོ་མ་ཞེས་སུ་བཏགས།འདིར་ལོ་ཙ་བའི་ཁ་བྱང་ལ་དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་ཚེ་ལོ་རྒྱུས་ཞིབ་འཇུག་ཏུ་བཏགས་པ་ཡིན།
འཁྲབ་ཚན་དང་པོ།གལ་སྲིད་དགེ་ཆོས་ལགས་ཀྱི་མཛད་རྣམ་གློག་བརྙན་དུ་ཕབ་བསྐྲུན་བྱས་པ་ཡིན་ན། བརྙན་རིས་དེ་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱིས་ཕོ་བྲང་ཕོ་ཏ་ལ་རུ་བཞུགས་པའི་རྒྱབ་ལྗོངས་དང་ཡོངས་སུ་འབྲེལ་བར་དབུ་བརྩམས་ཤིང་། དུས་ཚོད་ནི་༡༩༥༠སྟེ་སྟོན་ལྗོངས་ཀྱི་ཉི་འོད་རབ་ཏུ་གསལ་བའི་ཞོགས་པ་ཞིག་སྟེ།བརྙན་ལེན་པའི་འདྲ་རིས་ལས་པོ་ཏ་ལའི་བཟོ་བཀོད་དང་མིང་གྲགས་ཅན་གྱི་ཞོལ་སྡེ་གསར་ཀྱི་རྣམ་པ་དེ་རེད། བརྙན་རིས་ག་ལེར་ཞོལ་བཙོན་ཁང་དུ་བསྐོར་ཞིང་དེ་རུ་བཙོན་མ་ཁྱུ་གཅིག་ཏཱ་ལའི་བླ་མའི་སྲིད་དབང་བསྒྱུར་བ་ནས་ལྷོད་གྲོལ་བཏང་བ་རེད།
བཙོན་མ་དག་གཅིག་རྗེས་གཉིས་མཐུད་ཀྱི་ཕྱི་ལ་མངོན་ཞིང་ལ་ཤས་ཞིག་གོམ་པ་འཁྱོར་བ་དང་།འཁར་བ་ལ་བརྟེན་པ། ཁ་སྤུ་དང་སྐྲ་གཟེངས་བ།ཤ་རིད་པ།གོས་ཧྲུལ་པོ་བཅས་སོ།བརྙན་རིས་སུ་ཆེས་རྗེས་མའི་བཙོན་མ་དེའང་དེ་དག་ཁྱད་ཅི་ཞིག་འདག་གམ།མི་ཚོགས་ཆུང་ངུ་ཞིག་སྟེ་བླ་མ་དགེ་བཤེས་དང་མི་སྐྱ་དག་གིས་བསྐོར་ཚེ།ཁོང་གིས་ཡང་སྙིང་ཅི་ཞིག་ནོར་སྲིད་དམ།ཁོང་གིས་དེ་ཁ་ཡ་མི་བྱེད་པར་ཕྱི་ལ་འཁོར་སྟེ་པོ་ཏ་ལའི་བརྗིད་ཉམས་ལ་མྱོང་རོལ་བྱེད་བཞིན་མཆིས།
པར་རིས་འདིས་ཁོང་ལ་གཉིད་མ་གཟིམ་པར་རྨི་ལམ་བཏང་བ་དང་མཚུངས་བར་༡༩༢༧ལོ་བར་ཏུ་ཕྱིར་རྟོགས་ཐེངས་གཅིག་བྱས། ལོ་འདིར་བོད་ཡུལ་གྱི་ཤར་ཕྱོགས་ཨ་མདོ་ལུང་པ་ནས་ལྷ་སར་ཐོག་མར་འབྱོར་ཞིང་། ཐེངས་དང་པོར་པོ་ཏ་ལ་མཇལ་ཞིང་། ཁོང་གིས་མིག་ཟུང་ནི་ལོ་ན་བཅུ་བཞི་ལ་སོན་པའི་ཏཱ་ལའི་བླ་མའི་ཞལ་རས་ལ་འཁོར་ཞིང་། ལོ་ན་གཞོན་པའི་དབང་བསྒྱུར་བ་འདིས་པོ་ཏ་ལའི་དབུ་རྩེ་རུ་རྒྱང་ཤེལ་ལས་བཙོན་པ་འདི་དག་ལ་གཟིགས་ཤིང་། རྒྱང་ཤེལ་འདི་ནི་ཕྱི་གླིང་གི་དབང་བསྒྱུར་བས་ཁོང་གི་སྐུ་སྔོན་མར་ཕུལ་བའི་ལག་སྐྱེས་རེད།
འོན་ཏེ་སྐབས་དེ་དགེ་ཕྲུག་གིས་ལམ་གསེང་གིས་ཁེར་རྐྱང་གི་བརྙན་རིས་དེ་ལ་འགྱུར་བཅོས་བྱས་པའི་བདེན་དབང་རྙེད་ཅིང་། ད་རུང་ལྷོད་གྲོལ་བྱས་མིན་གསལ་པོར་མ་ངེས་ཤིང་། ཕལ་ཆེར་ཁོང་ཉིད་དེ་ལས་ལོ་གཅིག་གི་སྔོན་དུ་ལྷོད་གྲོལ་བྱས་ཚར་བ་རེད། ཁོང་ལ་ཞོལ་བཙོན་ཁང་དུའང་གང་འཚམས་ཞིག་བཀག་ཉར་བྱས་པ་དང་།འོན་ཏེ་ཁོང་ནི་པོ་ཏ་ལའི་ཞོལ་དུ་ལྷོད་གྲོལ་བྱས་པ་མ་ལགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཆོས་རྭའི་ཁང་བརྩེགས་ལས་ལྷོད་པ་རེད། གཞན་ལྷོད་བྱས་རྗེས་ཁོང་གི་སྐུ་ཁམས་བདེ་མིན་ལའང་བཤད་ཚུལ་གཉིས་བྱུང་ཞིང་། ལ་ཤས་ནས་བཙོན་གྲོལ་བྱུང་རྗེས་སྐུ་ལུས་ཉམས་རིད་དང་ཁ་ཤས་ནས་སྐུ་ཁམས་བདེ་ཐང་ཡིན་པར་བརྗོད། རྗེས་སུ་ཨ་རག་ཚད་མེད་བཞེས་པ་རེད།
འཁྲབ་ཚན་གཉིས་པ།༡༩༥༡ལོའི་ཟླ་༡༢བའི་ཚེ་༡ལ། གསར་འགྱུར་མེ་ལོང་གི་གཙོར་སྙིང་དུ་བཀོད་ཅིང་། གསར་འགྱུར་མེ་ལོང་ནི་བོད་རིགས་གནམ་བདག་ཆོས་ལུགས་པ་ཁུ་ནུ་མཐར་ཕྱིན་(Khunu Tharchin,1890—1976)ལགས་ནས་གསར་སྤེལ་བྱས་པའི་བོད་ཡིག་གི་ཚགས་པར་ཐོག་མ་དེ་རེད།ཚགས་པར་འདི་ལྷ་སར་འགྲེམས་སྤེལ་བྱས་པ་མ་ལགས་ཤིང་རྒྱ་ཤར་ནུབ་སའི་ཆ་ཀ་ལོན་སྦུག་ནས་འགྲེམས་སྤེལ་བྱས།འདི་ནི་བལ་ཡུལ་དང་།འབྲས་ལྗོངས།འབྲུག་ཡུལ་བཅས་ཀྱི་འབྲེལ་མཚམས་རེད།འདི་འང་གཏན་ཚིག་ཡང་དག་པ་ཞིག་མ་རེད།
ཟླ་༨པའི་ཚེས་༡༥ལ་གཏམ་ངན་འདི་ཐོས་ཤིང་ཕྱི་གསལ་ནང་གསལ་དུ་གྱུར། བློས་ཐུབ་གྱི་གྲོགས་པོ་མིང་གྲགས་ཅན་དགེ་འདུན་ཆོས་འཕེལ་ལགས་ཆུ་ནད་ཀྱི་བསྙུང་དེ་ཚེ་ལས་འདས། གཏམ་ངན་འདི་ཐོས་ཤིང་ང་ཚོ་ལ་སྡུག་བསྔལ་ཚད་མེད་བྱུང་། སྔ་མོ་ནས་ཁོང་འཕགས་ཡུལ་དུ་ཕེབས་ཤིང་དེ་རུ་ལོ་ངོ་༡༢བསྡད་པ་རེད། འོན་ཏེ་ཁོང་གིས་ཞིབ་ཚགས་ཀྱི་བོད་ཀྱི་ལོ་རྒྱུས་སུ་རྒྱ་གར་གྱི་གནས་ཡིག་དང་ཡུལ་སྲོལ་གོམས་གཤིས་གསལ་པོར་བཀོད་ཅིང་གནས་ཆེན་གང་མང་འགྲིམས་པ་དང་། ཁོང་ཞིབ་འཇུག་གི་ལེགས་སྦྱར་བང་མཛོད་གསར་རྩོམ་དང་དབྱིན་ཇིས་བྲིས། དེ་རུ་ལེགས་སྦྱར་རྣམས་བོད་ཡིག་ཏུ་བསྒྱུར་བ་རེད། ཁོང་གིས་གཞན་ཕན་བཀྲ་ཤིས་པའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་གར་གནས་ཡིག་བྲིས་ཤིང་། དམིགས་ཡུལ་ནི་རྒྱ་གར་འཕགས་ཡུལ་གྱི་གནས་མཇལ་བ་རྣམས་ལ་རམ་འདེགས་བྱས།
༡༩༤༧ལོར་ཁོང་བལ་ཡུལ་ནས་བོད་དུ་ལོག་ཅིང་། ལོ་དེར་བོད་ལྗོངས་བཀའ་ཤག་གིས་གནས་ཚུལ་གང་ཡིན་ལ་མ་ལྟོས་བར་བཀའ་མངགས་ཀྱིས་བཙོན་འཇུག་བྱས། ན་ནིང་ཁོང་བཙོན་ཁང་ལས་ལྷོད་རྗེས་བཀའ་ཤག་གིས་བཀོད་མངགས་ལྟར་བོད་ཀྱི་ལོ་རྒྱུས་འབྲི་རུ་བཅུག དེང་སྐབས་གལ་སྲིད་ཁོང་བློ་སྤོབས་ཅན་གྱི་གྲོགས་པོ་ལས་རིག་གནས་ཐོབ་དགོས་ན་དངུལ་གྲོན་གང་མང་དགོས་པ་དང་།འདི་ལྟ་བུར་ཁོང་གིས་ཚེ་སྲོག་ཕུལ་བ་ནི་ལས་སླ་མོ་ཞིག་མ་རེད།འདི་ནི་གྱོང་གུད་ཆེན་པོ་ཞིག་སྟེ།མི་སུ་ཞིག་གིས་ཀྱང་གི་རྒྱལ་ཁམས་གསེར་ཐང་པར་བསྐྲུན་བྱས་ཡོད་མེད་དང་།སུ་གཅིག་གིས་ཀྱང་བོད་རྒྱལ་རབས་ལོ་རྒྱུས་ཁ་ཚང་མིན་གསལ་ཤེས་དཀའ།
མི་མང་གིས་གོང་བཤད་འདི་དག་ལས་སྨྲེ་ངག་དང་ཚིག་རིས་ལས་འདི་ནི་མཐར་ཕྱིན་ལགས་ནས་དངོས་སུ་བྲིས་པ་ཞིག་རེད། མཉམ་འཇོག་དགོས་པ་ནི་གསལ་བསྒྲགས་འདི་ལས་འཕྲིན་གསར་དམིགས་བསལ་ཅན་ཁ་ཤས་མངོན་ཐུབ། འདི་རུ་བྲིས་པའི་ལོ་ཟླ་དག་བོད་ལྗོངས་ཀྱི་བཤད་ཚུལ་དང་མི་མཐུན་ཞིང་། གཞན་ནོར་འཁྲུལ་ནི་ཁོང་ཉིད་སྤྱི་ལོ་༡༩༤༦ལ་བོད་དུ་ལོག་པར་བཤད།གཞན་དགེ་འདུན་ཆོས་འཕེལ་ཟླ་ཤས་སྔོན་ལ་མྱ་ངན་ལས་འདས་པར་བཤད། འོན་ཏེ་གསལ་བསྒྲགས་འདིའི་ཟླ་ཚེས་ནོར་འཁྲུལ་དང་རྒྱུ་ཆ་གཞན་དག་དང་རྒྱབ་འགལ་དུ་མཆིས། དགེ་ཆོས་ལགས་ནས་བསྟན་བཅོས་མི་ཉུང་བ་མཛད་ནའང་འོན་ཏེ་དེ་རུ་རྒྱ་གར་ལམ་ཡིག་དང་གཞན་མཇུག་བསྡུའི་གཏམ་ཡང་མི་མཚུངས་བས་གཞན་ད་རུང་དེབ་གཞན་པ་ཞིག་ཡོད་ལོས་ཆེས།
འཁྲབ་ཚན་གསུམ་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྔ་གཞུག་ཏུ་རང་གི་རྩ་བའི་བླ་མའི་མཚན་ངོ་མ་མི་བརྗོད་ཅིང་། དེ་ལ་མཚན་བརྗོད་པར་དཀའ་བ་ཞེས་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་སོགས་བརྗོད་དེ་བླ་མ་གང་ཞིག་གི་མཚན་འབྲི་སྲོལ་ཡོད། དེ་བས་ཁོང་གི་མཚན་ཡང་གསལ་བོར་བརྗོད་ཡོད་པ་མེད། འདི་ནི་ཆེས་དད་སེམས་ཀྱིས་བཞག་ཅིང་།ངས་ཀྱང་དབྱིན་ཇི་ལ་ཁོང་གིས་མཚན་ཇི་ལྟར་བཀོད་པ་མི་ཤེས། ཡོ་རོབ་སྐད་ཀྱི་བརྩམས་ཆོས་དག་ལས་ཁོང་གིས་མཚན་དུ་འདི་ལྟར་མངོན་ཞིང་།Gedun Chopel,Gendun Chophel,Gendun Chophel,Gedun Choephel,Gedun Chompel,Gendun Chomphel,Gedun Chopel,Gedun Chopel,Gedun Chophel,Gedun Chos-'phel,Gedhun Chonphel,Dge'dun Chos'phel,dGe-'dun-chos-'phel,Dge-vdun Chos-vphel,Dge chos,dGe-hdun Chos-hphel,Gedun Ch'omp'el,Ge Dun Qu Pel,Gytun Chhephelའདི་དག་ཚང་མ་ཚད་མིན་གྱི་བསྒྱུར་ཚད་ཙམ་ལས་དོན་དངོས་སུ་བསྟན་བཅོས་གང་མང་མཛད་མཁན་ཞིག་ལ་འོན་ཏེ་བོད་རྒྱ་སུ་ཞིག་ཡིན་ནའང་།འཇར་པན། ནུབ་གླིང་། ཨ་རི་སུ་གང་ཞིག་ལ་མཚོན་ནང་སྒྲ་གདངས་དག་མོས་ཚངས་ཐིགས་སུ་སླེབས་དགོས་པ་རེད།འདི་ལྟར་ཡང་དག་མོས་སྒྲ་གདངས་ཞིག་ལ་བསྟེན་ནས་ཁོང་གི་མི་བདག་གསལ་པོར་ངེས་དགོས་པ་ལས་དེ་མིན་ནོར་འཁྲུལ་འབྱུང་སླ་བ་རེད།གལ་སྲིད་ངས་ངེས་པར་དུ་ཁོང་གི་མཚན་འབོད་དགོས་པ་བྱུང་ན་དགེ་ཆོས་ཞེས་འབོད་ན་འདོད།