ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

༄༅།།གནམ་ལྡེ་འོད་སྲུངས།

མཁས་པ།

སྤེལ་དུས 2014-09-09 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།

   གནམ་ལྡེ་འོད་སྲུངས་ནི། མངའ་བདག་འོད་སྲུངས་ཀྱང་ཞུཡབ་ཁྲི་དར་མ་འུ་དུམ་བཙན་དང་ཡུམ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་ཆུ་ཕགསྤྱི་ལོ༩༠༣ལོར་ཡུམ་བུ་བླ་སྒང་དུ་སྐུ་འཁྲུངས་ཞེས་པ་དང་ཆུ་ཁྱིསྤྱི་ལོ༩༠༢ལོར་འཁྲུངས་ཞེས་པ་སོགས་གསུང་ཚུལ་མི་འདྲ་བ་མང་ཙམ་མཆིས། སྐུ་ཆུང་ངུའི་དུས་སུ་བཙུན་མོ་ཆེན་མ་སྣ་ནམ་བཟས་གསོད་དམ་འཕྲོག་པར་དོགས་ནས་མཚན་མོ་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མཚན་དེ་ལྟར་ཆགས་སྐད། མངའ་བདག་འདི་སྐུ་ནར་མ་སོན་ཡང་རྒྱལ་སྲིད་ལ་དབང་བསྐུར་ཞིང་། བློན་པོ་དགུ་ཁྲི་ཐོག་སྒྲ་དང་། རྔོག་དཔལ་གསུམ་སྒྲ་ཆེ། རྔོག་རྒྱལ་ཏོ་རེ་རྒྱལ་རྣམས་ཀྱིས་བྱས། རྒྱལ་པོ་འདིའི་སྐུ་དུས་སུ་ཡབ་ཀྱིས་བསྟན་པ་བསྣུབས་པའི་བྱ་བ་མཚམས་འཇོག་དང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་ཁས་བླངས་ནས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། ཇོ་བོ་རྣམ་གཉིས་དང་བྱམས་མགོན་རྣམས་ས་འོག་ནས་བཏོན་ཏེ་རང་རང་གི་ཁྲི་ལ་བཞུགས་སུ་གསོལ་ནས་མཆོད་པའི་རྒྱུན་བཙུགས། ལྷ་ཁང་ཞིག་པ་རྣམས་སླར་གསོས། དེ་ནས་འོད་སྲུངས་དང་ཡུམ་བརྟན་གཉིས་མངའ་རིས་ལ་མ་འཆམ་པར་འཁྲུག་ལོང་ཆེན་པོ་བྱུང་སྟེ་འོད་སྲུངས་ཀྱིས་གཡོ་རུ་དང་ཡུམ་བརྟན་གྱིས་དབུ་རུ་བཟུང་། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་རྩམ་ཟན་ཞེས་སྡེ་གཉིས་སུ་ཆད་དེ་རྩོད། མཐར་འབངས་གྱེན་ལོག་བྱུང་ནས་བཙན་པོའི་བང་སོ་བྲུས་པ་སོགས་བོད་སིལ་བུར་གྱུར། ལོ་རྒྱུས་དེབ་ཐེར་མང་ཆེ་བའི་ནང་དར་མ་ཕ་སྤད་གསུམ་ལ་བསོད་ནམས་ཟད་པའི་རྒྱལ་པོ་ཞེས་གྲགས་སོ། འོད་སྲུངས་ཀྱིས་ཅོག་རོ་བཟའ་རྒྱལ་མོ་ཁབ་ཏུ་བཞེས་པར་སྲས་དཔལ་འཁོར་བཙན་འཁྲུངས། མཐར་འོད་སྲུངས་དགུང་ལོ་རེ་གསུམ་པ་ཤིང་གླངསྤྱི་ལོ༩༦༥ལོར་སྐུ་གཤེགས་ཞེས་པ་དང་། དགུང་ལོ་སོ་དགུ་པ་ཤིང་སྦྲུལསྤྱི་ལོ༩༤༥ལོར་སྐུ་གཤེགས་ཞེས་པ་སོགས་གསུང་ཚུལ་མི་འདྲ་བ་མཆིས། འོད་སྲུངས་ཀྱི་བང་སོ་ནི། འོད་སྲུངས་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། དེ་ནི་བཙན་པོའི་བང་སོ་མཐའ་མ་ཡིན་ཞིང་། དེ་ནས་བཟུང་བཙན་པོའི་བང་སོ་བརྩིགས་པའི་སྲོལ་ཡང་ནུབ་སྐད།