ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

རྡ་བི་རྡི•རྗི་མཱ་ནོDavid Germano

སྤེལ་དུས 2014-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས།

རྡ་བི་རྡིརྗི་མཱ་ནོ་ལགས་ནི།  ཨ་རིའི་ཝིར་ཇི་ནིའ་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་ཞིབ་འཇུག་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་ཡིན།  ཁོང་གིས་སྤྱི་ལོ༢༠༠༤ལོར་སློབ་གྲྭ་དེ་གར་རྒན་ཡོལ་བྱས་པའི་དགེ་རྒན་ཆེན་མོ་རྗེ་ཧྥོ་རི་ཧོབ་ཀིན་སི་ཡི་ཕྱག་ལས་མུ་མཐུད་དུ་བསྐྱངས་ཏེབོད་ལྗོངས་ཞིབ་འཇུག་འཆར་གཞིཡི་འགན་འཛིན་པ་བྱས།  ཁོང་ནི་རྙིང་མ་བའི་གྲུབ་མཐའ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཅིང་།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་བོད་ཡུལ་དུ་བརྟག་དཔྱད་ཞིབ་འཇུག་ལ་ཐེངས་མང་ཡོང་མྱོང་།  སྤྱི་ལོ༡༩༩༧ལོ་ནས་བཟུང་བོད་ལྗོངས་ཀྱི་སློབ་གསོ་ཡར་རྒྱས་སུ་འགྲོ་བར་ནུས་ཤུགས་བཏོན་པ་དང་།  སྤྱི་ལོ༡༩༩༨ལོར། ཁོང་དང་ཁོང་གི་ལས་གྲོགས་ཀྱིསབོད་དང་ཧི་མ་ལ་ཡའི་གློག་རྡུལ་དཔེ་མཛོད་ཁང(THDL)ཞེས་པ་བཙུགས།  བོད་དང་ཕྱི་གླིང་བར་བོད་སྐད་སློབ་ཁྲིད་དང་རིག་གནས་དང་རྩིས་འཁོར་གྱི་ཐོན་ཁུངས་སོགས་ལ་དམིགས་ཏེ་ཁོང་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་བྱས་ཡོད། 

ཉེ་བའི་ལོ་འདི་དག་གི་རིང་ལ་ཁོང་གིས་འགན་བཟུང་བ་དང་ཡང་ན་ཟབ་ཞུགས་བྱས་པའི་ལས་གཞི་གཙོ་བོ་དག་ནི་གཤམ་གསལ་དག་རེད།  གཅིག བོད་ལྗོངས་ཀྱི་ལོ་རྒྱུས་གནའ་ཤུལ་གཙོ་གྲས་ཞེས་པའི་ལས་གཞི་སྙོམས་སྒྲིག་པ་ཡིན།  གཉིས།  ལྷ་སའི་མཐའ་འཁོར་གྱི་འཆར་འགོད་ཀྱི་ཇུས་འགོད་པ་དང་རྩ་འཛུགས་མཁན།  ཞིབ་འཇུག་མཁན་ཡིན།  གསུམ།  རྨུ་རུ་རྙིང་བ་དགོན་གྱི་སྙོམས་སྒྲིག་པ་དང་པར་བ།  ལོ་ཙཱ།  བློ་འདྲི་ས་ཡིན།  བཞི།  མངའ་རིས་ཕྱོགས་ཀྱི་ལས་གཞི་ཡི་ཇུས་འགོད་དང་ཀྲུའུ་རིན།  ལྔ།  བོད་ལྗོངས་ཀྱི་སྲོལ་རྒྱུན་ངག་རྒྱུན་རྒྱུ་ཆ་དག་བསྒྲིགས་ལས་གཞི་ཡི་ཐོག་མའི་སྙན་ཞུ་འབུལ་མཁན་དང་ཡུལ་དངོས་བརྟག་དཔྱད་པ།  དྲུག རྙིང་མ་བའི་གནའ་ཡིག་ཕྱོགས་བསྡུའི་ལས་གཞིའི་ཇུས་འགོད་པ་དང་ཀྲུའུ་རིན།  བདུན།  བོད་ལྗོངས་སློབ་གྲྭ་ཆེན་མོའི་གནའ་ཡིག་ལྟེ་གནས་འདེབས་མཁན་དང་བློ་འདྲི་ས།  བརྒྱད།  བོད་སྐད་ཡིག་སློབ་སྦྱོང་ཐོན་ཁུངས(TLLR)ཀྱི་གཙོ་སྒྲིག་པ་དང་མཉེན་ཆས་ཇུས་འགོད་པ།  བོད་ཡིག་གི་གཅིག་གྱུར་སྒྲིག་ཨང་ལས་གཞི་ཡི་ཇུས་འགོད་པ་དང་ཀྲུའུ་རིན་བཅས་ཡིན་ནོ། །