ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

རྒྱལ་སྤྱིའི་བོད་རིག་པ་བ་ཆའར་སི་རམ་བྷོ།

སྤེལ་དུས 2014-11-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀླུ་མོ་སྐྱིད།

   Charles Albert Edward Rambleཆའར་སི་རམ་བྷོ་ལགས་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་བ་དང་བོད་རིག་པའི་ཞིབ་འཇུག་པ་ཡིན་ལ། ད་ལྟ་དབྱིན་ཇིའི་ཨོ་ཁེ་སི་ཧྥོ་སྒྲི་སློབ་ཆེན་གྱི་ཤར་ཕྱོགས་ཞིབ་འཇུག་ཁང་དུ་བོད་དང་ཧི་མ་ལ་ཡའི་མིའི་རིགས་རིག་པ་ཞེས་པའི་སློབ་ཁྲིད་གནང་བཞིན་ཡོད། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་ཧི་མ་ལ་ཡའི་དམངས་ཀྱི་སྤྱི་ཚོགས་དང་ཆོས་ལུགས། བོན་ཆོས། མཇལ་སྐོར། གནས་འགངས་ཆེན་གྱི་ས་རྒྱུས་ཞིབ་འཇུག་བཅས་ཡིན། ༢༠༠༦ལོར་ཁོ་རང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་གཙོ་འཛིན་དུ་བདམས་པ་ཡིན།  

   དགེ་རྒན་ཆེན་མོ་རམ་བྷོ་ལགས་ཀྱིས་ནེ་པ་ལཱ་དང་བོད་ནས་ལོ་ངོ་བཅོ་ལྔ་ལྷག་བསྐྱལ་མྱོང་ལ། ཁོང་ལ་བརྩམས་ཆོས་དེབ་གསུམ་ཡོད་དེ། ༢༠༠༨ལོར་པར་དུ་བསྐྲུན་པའི《ནེ་པ་ལཱའི་བོད་བརྒྱུད་ནང་བསྟན་དང་དམངས་ཀྱི་ཆོས་ལུགསདང་། 《སྨོན་ཚང་གི་སྤྱི་ཚོགས་ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་ཡིག་ཆ》ཡི་དེབ་ཕྲེང་། ༢༠༠༥ལོར་པར་དུ་བསྐྲུན་པའི《བོར་ཟིན་པའི་བོན་གྱི་རྒྱལ་རབས་འཚོལ་བ》བཅས་ཡིན་ལ། དེ་མིན་དུས་དེབ་ཀྱི་སྟེང་དུ་བཀོད་ཟིན་པའི་དཔྱད་རྩོམ ༤༤ ལྷག་ཡོད་པ་དང་དེ་དག་ནི་གཙོ་བོ་བོན་གྱི་ཆོ་གའི་སྐོར་དང་། ནེ་པ་ལཱའི་སྨོན་ཚང་གི་ཡིག་ཆའི་སྐོར་དང་། ལོ་རྒྱུས། མི་རིགས། ཁྱིམ་ཚང་སོགས། དེ་མིན་བོད་དང་བལ་བོའི་བོན་པོའི་མཇལ་སྐོར། བོད་ཀྱི་རྒྱལ་རྒྱུད། ཧི་མ་ལ་ཡའི་ས་ཁུལ་གྱི་བོན་དགོན། ཧི་མ་ལ་ཡའི་བོད་ཀྱི་ས་ཁུལ་དང་རང་ཉིད་ངོས་འཛིན། བོད་ལྗོངས་ཀྱི་ཕྱུགས་ལས་གནད་དོན། ནེ་པ་ལཱ་ཁ་དགུ་སྦེ་ནེ་སྡེ་བའི་ལོ་རྒྱུས་དང་ས་རྒྱུས། སྡེ་བའི་ཁྱིམ་ཚང་གི་ཆགས་ཚུལ་དང་གྲལ་རིམ་གྱི་དབྱེ་བ། ནེ་པ་ལཱའི་ཀླུ་བྲག་བོན་དགོན་གྱི་དུས་ཆེན་དང་རྩེད་མོ། དཔལ་འབྱོར་གྱི་སྒྲིག་གཞི། བོན་དང་བོད་ཀྱི་སྲོལ་རྒྱུན་གྱི་ས་ཁོངས། བལ་བོའི་ས་མཚམས་ཀྱི་ནང་བ་སོགས་བྲིས་ཡོད། དེ་ལས་གཞན། ཁོང་གིས《ཚད་ལྡན་གྱི་བོད་ཡིག་ལག་ཁྱེར》ཞེས་པའི་དེབ་གཅིག་ལོ་ཙྭ་བྱས་ཡོད་པ་དང་། ཧི་མ་ལ་ཡའི་མཐའ་འཁོར་གྱི་རིག་གནས་དང་ཁོར་ཡུག་ལ་འབྲེལ་བའི་དེབ་བཞི་རྩོམ་སྒྲིག་བྱས་ཡོད།  

   ཁ་བྱང་ཕྱི་མོ། རྒྱལ་སྤྱིའི་བོད་རིག་པ་བ་ཆའར་སི་རམ་བྷོ།

(རྩོམ་འགན་པ། ལྷ་དབང)