ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

གྷོལ་ཌི་སི་ཏེན། Melvyn C. Goldstein

སྤེལ་དུས 2014-12-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་བཀྲས་བཏུས་ཤིང་བསྒྱུར།

          མཱེལ་ཝིན་གྷོལ་ཌི་སི་ཐེནMelvyn C. Goldsteinནི།  ཨ་རིའི་སྐད་གྲགས་ཆེ་བའི་མིའི་རིགས་རིག་པ་བ་དང་བོད་རིག་པའི་ཆེད་མཁས་ཡིན།  ཁོང་སྤྱི་ལོ 1938 ལོའི་ཟླ 2 པའི་ཚེས 8 ཉིན་ཨ་རིའི་ཉིག་ཡོག་གྲོང་ཁྱེར་དུ་སྐྱེས།  སྤྱི་ལོ 1959 ལོར་མཱི་ཆི་གན་སློབ་ཆེནMichigan State Universityཏུ་ལོ་རྒྱུས་རིག་པའི་སློབ་རམས་པའི་བསླབ་གནས་བླངས།  1960 ལོར།  གྷོལ་ཌི་སི་ཐེན་གྱིསབོད་ཀྱི་རྡོབ་རྡོབ་ལ་དཔྱད་པ(A Study of the Ldab Ldod)ཞེས་པའི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བྲིས་ཏེ་སློབ་གྲྭ་དེ་གར་ལོ་རྒྱུས་རིག་པའི་ཤེས་རམས་པའི་བསླབ་གནས་བླངས།  སྤྱི་ལོ 1968 ལོར།  ཁོསམིའི་རིགས་རིག་པའི་འཇུག་ཐབས་ཀྱིས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་དཔྱད་པ(An Anthropological Analysis of the Tibetan Political System) ཞེས་པ་བྲིས་ནས་ཝཱ་ཤིང་ཊོན་སློབ་ཆེན་གྱི་མིའི་རིགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས།  དེའི་རྗེས་སུ་ཁོང་གིས་ཁཱ་སེ་ནུབ་ཁུལ་སྒེར་གཉེར་སློབ་ཆེནCase Western Reserve Universityཏུ་དགེ་རྒན་དང་ཞིབ་འཇུག་གི་ཕྱག་ལས་གནང་བ་དང་། 

སྤྱི་ལོ 1971-1977 ལོའི་བར་དུ་སློབ་ཆེན་དེ་གར་མིའི་རིགས་རིག་པའི་དགེ་རྒན་ཆེན་མོ་གཞོན་པའི་ཕྱག་ལས་གཉེར།  སྤྱི་ལོ 1975 ནས་ད་རག་བར་ཁོང་གིས།   ཁཱ་སེ་ནུབ་ཁུལ་སྒེར་གཉེར་སློབ་ཆེན་གྱི་མིའི་རིགས་རིག་པའི་སློབ་གླིང་གི་གླིང་གཙོ་དང་།  སློབ་གླིང་དེ་གའི་མིའི་རིགས་རིག་པའི་དགེ་རྒན་ཆེན་མོ་བ། (1978-1990) སློབ་གྲྭ་དེ་གར་ཡོད་པའི"བོད་ལྗོངས་ཞིབ་འཇུག་ལྟེ་གནས"ཀྱི་འགན་འཛིན།1987ལོ་ནསསློབ་ཆེན་དེ་གའི་གསོ་རིག་སློབ་གླིང་དགེ་རྒན་ཆེན་མོ་བ་སོགས་ཀྱི་འགན་འཁུར།      གྷོལ་ཌི་སི་ཐེན་ལགས་ཀྱིས་བགྲང་བྱ 40 ལྷག་གི་རིང་ལ་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར་ཅིང་།  བོད་རིག་པ་དང་མིའི་རིགས་རིག་པར་འབྲེལ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་བྱ་འགུལ་མང་པོ་ཞིག་གི་ནང་ཞུགས་མྱོང་ཡོད་ལ།  སྐད་གྲགས་ཆེ་བའི་བརྩམས་ཆོས་མང་པོ་བྲིས་མྱོང་ཡོད། 

སྤྱི་ལོ 1989 ལོར།  ཁོང་གིས་བོད་ཀྱི་ལོ་རྒྱུས་དེབབོད་ཀྱི་ཉེ་རབས་ལོ་རྒྱུས།  བླ་མའི་རྒྱལ་རབས་ཀྱི་ཉམས་རྒུད།  1913-1951(A History of Modern Tibet,1913-1951:The Demise of the Lamaist State)ཞེས་པ་བྲིས་ཤིང་བོད་གཞིས་བྱེས་ཀྱི་སྤྱི་ཚོགས་ཁྲོད་དང་ལྷག་པར་དུ་རིག་གཞུང་ཞིབ་འཇུག་པའི་སྡེར་གླེང་གཞི་ཆེན་པོ་བྱུང་།    1991 ལོ་ནས་བཟུང་ཁོང་གིས་ལས་གཞི་མང་པོ་ཞིག་གི་འགན་འཛིན་པ་བྱས་པ་སྟེ།  "བོད་ལྗོངས་བརྟག་ཞིབ"ཀྱི་འཐུས་མི་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞི"ཧྭ་པེ་རྩྭ་ཐང་དཔྱད་ཞིབ་ཚོགས་པ"ཡི་ཁོངས་མི།  "ཧི་མ་ལ་ཡའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི"ཡི་འགན་འཛིན།  "ནགས་དང་རི་ཐང་ཞིབ་འཇུག་ཁང"གི་བློ་གནས་ལྷན་ཚོགས་ཀྱི་ཁོངས་མི་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་ལས་གཞི་སྣ་མང་བསྒྲུབས།     སྤྱི་ལོ 1997 ལོ་ནས་ད་རག་བར།     "བོད་ལྗོངས་དབུལ་སྐྱོར་དགེ་རྩ"ཡི་འགན་འཛིན་དང་ 1998 ནས་ད་རག་བརཨེ་ཤེ་ཡའི་ནང་ས》(InnerAsia ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་མུས་སུ་མཆིས། 

ཁོང་གིས་ཤེས་རམས་པའི་བསླབ་གནས་བླངས་པ་ནས་ད་ལ་ཐུག་གི་བར་ཏེ།  སྤྱི་ལོ1961-2000ལོའི་བར་དུ།  ཨ་རིའི་གཞུང་སྒེར་གཉིས་ཀྱི་ལས་གཞི 42 ཙམ་བསྒྲུབས་ཤིང་།  དེ་ལས 25 ནི་བོད་དང་འབྲེལ་བ་ཡོད་འདུག་ཅིང་།    བོད་ནང་མ་ཟད།  དུས་རབས་གོང་མའི་ལོ་རབས 60 བའི་དཀྱིལ་ནས་ཞིབ་འཇུག་པ་གཞན་དང་མཉམ་འབྲེལ་གྱིས་བཙན་བྱོལ་བོད་ཁུལརྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགསདུ་ཡང་ཡུལ་དངོས་བརྟག་དཔྱད་བྱས་ཏེ་དཔྱད་རྩོམ་རབ་དང་རིམ་པ་སྤེལ་ཡོད། 

ཁོང་གི་བརྩམས་ཆོས་གཙོ་བོ་ལ།  གྷོལ་ཌི་སི་ཐེན་གྱི་བོད་རིག་པའི་ཞིབ་འཇུག་ནང་གྲུབ་འབྲས་ཆེ་ཤོས་ནི།  བོད་ཀྱི་སྐད་ཡིག་དང་ཉེ་རབས་ལོ་རྒྱུས།  དེང་རབས་སྤྱི་ཚོགས་བཅས་ཁྱབ་ཁོངས་གསུམ་གྱི་ནང་བླངས་ཡོད་དེ། 

བོད་ཀྱི་སྐད་ཡིག་སྐོར་ནས། 

༡།  དེང་རབས་བོད་ཀྱི་ཁ་སྐད་ལས།  ལྷ་སའི་ཡུལ་སྐད(Modern Spoken Tibetan: Lhasa Dialect)

༢།  དེང་རབས་བོད་ཡིག་ལས་བརྡ་སྤྲོད་དང་ཀློག་དེབ(Modern Literary Tibetan: A Grammar and Reader)

༣།  བོད་དབྱིན་ཚིག་མཛོད》(Tibetan-English Dictionary of Modern Tibetan

༤།  བོད་སྐད་ལ་འཇུག་པའི་སྒོ(Tibetan for Beginners and Travelers)

༥།  དབྱིན་བོད་ཚིག་མཛོད(English-Tibetan Dictionary of Modern Tibetan)

༦།  བོད་རྩོམ་ཉིང་བཏུས(Essentials of Modern Literary Tibetan: A reading course and reference grammar)

༧།  བོད་དབྱིན་ཚིག་མཛོད་གསར་མ》(The New Tibetan-English Dictionary of Modern Tibetanསོགས་བརྩམས་ཡོད་ལ།  དེ་ལསབོད་དབྱིན་ཚིག་མཛོདདེ་ཉིད་སྤྱི་ལོ1975ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ལི་ཀ་ཏ་རུ་པར་དུ་བསྐྲུན་པ་ནས་ཐེངས་ལྔ་ལ་བསྐྱར་དུ་དཔར།

དེང་རབས་ལོ་རྒྱུས་ཀྱི་ཐད་ནས། 

༡།  བཀྲ་ཤིས་ཚེ་རིང་གི་རང་རྣམཕ་ཡུལ་གྱི་ཕན་བདེའི་ཆེད་དུ(The Struggle for a Modern Tibet: the Autobiography of Tashi Tsering)ཞེས་པ་བཀྲ་ཤིས་ཚེ་རིང་དང་མཉམ་དུ་བརྩམས།  

༢།  གངས་སེང་དང་འབྲུག ཀྲུང་གོ་དང་བོད།  ད་དུང་ཏཱ་ལའི་བླ་མ(The Snow Lion and the Dragon: China, Tibet and the Dalai Lama)

༣།  བོད་མི་གསར་བརྗེ་བ་ཞིག འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེ(A Tibetan Revolutionary: The Political Life and Times of Bapa Phüntso Wangye)ཁོང་དང་ཟླ་བའི་ཤེས་རབ།  William R. Siebenschuhགསུམ་གྱིས་བརྩམས། 

༤།  དེང་རབས་བོད་ཀྱི་ནང་བསྟན།  ཆོས་ལུགས་བསྐྱར་དར་དང་མི་རིགས་ཀྱི་ངོས་འཛིན(Buddhism in Contemporary Tibet: Religious Revival and National Identity) ཁོང་དངMatthew T. Kapstein དང་མཉམ་དུ་རྩོམ་སྒྲིག་བྱས།

༥།  བོད་ཀྱི་ཉེ་རབས་ལོ་རྒྱུས།  བླ་མའི་རྒྱལ་རབས་ཀྱི་ཉམས་རྒུད།  1913-1951(A History of Modern Tibet,1913-1951:The Demise of the Lamaist State)

༦།  མིའི་རིགས་རིག་པའི་འཇུག་ཐབས་ཀྱིས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་དཔྱད་པ(An Anthropological Analysis of the Tibetan Political System)བཅས་ཡོད་དོ། །

རྩོམ་འགན་པ། སྒྲོལ་ཚེ།