ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

WI-FIབརྡ་རྟགས་ཡག་པོ་མེད་ན་ཇི་ལྟར་བྱེད་དགོས་སམ།

སྤེལ་དུས 2023-09-20 ཡོང་ཁུངས། བོད་ལྗོངས་ཚན་གདལ། རྩོམ་པ་པོ།
      
    
          ཁྱིམ་དུ་བརྡ་རྟགས་སྟོན་ཆས་བསྒར་སྐབས་གཤམ་གྱི་གནད་དོན་ཁག་ལ་དོ་སྣང་བྱེད་དགོས་པ་སྟེ།
དང་པོ། བརྡ་རྟགས་སྟོན་ཆས་དཀྱིལ་དུ་འཇོག་དགོས།
          བརྡ་རྟགས་སྟོན་ཆས་ཀྱི་འཇོག་ས་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། ཁང་པའི་དཀྱིལ་དུ་འཇོག་གང་ཐུབ་བྱེད་དགོས། བརྡ་རྟགས་ཀྱི་འགྲོ་ཕྱོགས་མང་ཆེ་བ་འོག་ལ་ཡིན་པས། གལ་ཏེ་ཁང་པ་ཐོག་སོ་གཉིས་ལྡན་ཡིན་ན། ཉིས་ཐོག་ལ་བཞག་ན་ཡག་པོ་ཡོད།
གཉིས་པ། བརྡ་རྟགས་མ་བཀག་པ་བྱེད་དགོས།
          ཁང་པ་ནི་ས་ཕག་གམ་ཨར་འདམ་ལས་གྲུབ་པ་ཞིག་ཡིན་པས། བརྡ་རྟགས་ཁང་པའི་གྱང་གིས་འཐེན་ཏེ་རིམ་བཞིན་ཇེ་ཞན་དུ་འགྲོ་ཡོད། ད་དུང་ཆུ་གཞོང་གིས་ཀྱང་བརྡ་རྟགས་ཞན་དུ་ཤུགས་ཆེན་ཕྱིན་ཏེ་བརྒྱུད་སྤེལ་ལ་བཀག་འགོག་བཟོ་ཡི་ཡོད།
གསུམ་པ། འགོག་རྐྱེན་བཟོ་མཁན་གློག་ཆས་ཡོད་སར་འཇོག་མི་རུང་།
          རླབས་ཐབ་དང་བརྡ་རྟགས་སྟོན་ཆས་ཀྱི་གློག་ཁབ་ལེན་གྱི་རླབས་རིམ་2.4Ghzཡིན་པས། རླབས་ཐབ་སྤྱོད་སྐབས་WI-FIབརྡ་རྟགས་ལ་སྐྱོན་རྒྱག་གི་ཡོད། ལྕགས་རིགས་ཀྱིས་ཀྱང་བརྡ་རྟགས་བསྡུ་ལེན་བྱེད་ཀྱི་ཡོད་པས། བརྡ་རྟགས་སྟོན་ཆས་འཁྱག་སྒམ་དང་ཐབ་སོགས་ཡོད་སར་ཡང་འཇོག་མི་རུང་།
དེ་དང་ཆབས་ཅིག་གཤམ་གྱི་བྱ་ཐབས་དེ་དག་སྤྱད་ན་WI-FIབརྡ་རྟགས་ཡག་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་སྟེ།
བཞི་བ། གནམ་སྐུད་འདྲོང་པོར་འཇོག་དགོས།
          བརྡ་རྟགས་སྟོན་ཆས་ཀྱི་བརྡ་རྟགས་ནི་སྤོ་ལོའི་དབྱིབས་བཞིན་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཀྱི་ཡོད། དེས་ན་བརྡ་རྟགས་སྟོན་ཆས་ཀྱི་གནམ་སྐུད་འདྲོང་པོར་བཞག་ན་WI-FIབརྡ་རྟགས་ཁྱབ་རྒྱ་དེ་བས་ཆེ་བ་ཡོང་སྲིད།
ལྔ་བ། བརྡ་རྟགས་སྟོན་ཆས་ཀྱི་འཕྲིན་ལམ་བརྗེ་དགོས།
          སྤྱིར་ན་བརྡ་རྟགས་སྟོན་ཆས་ཀྱི་འཕྲིན་ལམ“7”པའི་སྟེང་འཇོག་གི་ཡོད། དོན་དངོས་ཐོག་བརྡ་རྟགས་སྟོན་ཆས་ལ་འཕྲིན་ལམ་མང་པོ་ཡོད་པས། སྤྱོད་མཁན་གྱིས་འཚང་ཁ་དེ་ཙམ་མེད་པའི་འཕྲིན་ལམ་ཐོག་ཏུ་བརྗེས་ན་བརྡ་རྟགས་ཡག་ཏུ་འགྲོ་སྲིད། དཔེར་ན་རྒྱུན་དུ་སྤྱོད་པའི“1”དང“11”ལྟ་བུའོ།
དྲུག་པ། བརྡ་རྟགས་སྟོན་ཆས་ངལ་གསོ་རྒྱག་ཏུ་འཇུག་དགོས།
          བརྡ་རྟགས་སྟོན་ཆས་ཡུན་རིང་པོ་སྤྱད་ན་ཚ་པོ་དང་རྙིང་པ་ཆགས་ཀྱི་ཡོད། ཕབ་ལེན་བྱེད་ཚང་མང་དྲགས་ན་བརྡ་རྟགས་ཁྱབ་རྒྱ་ཆུང་དུ་འགྲོ་ཡི་ཡོད། བརྡ་རྟགས་སྟོན་ཆས་ཀྱི་གློག་སྒོ་འོས་འཚམ་བསད་ན་WI-FIདེ་བས་མགྱོགས་སུ་དང་བརྟན་དུ་འགྲོ་སྲིད། 

རྩོམ་སྒྲིག་པ། ལྷ་འབྲུག