ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཟླ་བའི་གོ་ལའི་སྐར་རྡོ་ཞིག་རྙེད་འདུག

སྤེལ་དུས 2023-12-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ལྷོ་སྣེ་ནི་སའི་གོ་ལའི་སྟེང་གི་རང་བྱུང་གི་སྐར་རྡོ་མང་ས་དེ་རེད། གསར་འགོད་པས་ཉེ་ཆར་འཚོགས་པའི2023ལོའི་ཀྲུང་གོའི་གླིང་སྣེའི་ཚན་རིག་རིག་གཞུང་ལོ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་རྟོག་ཞིབ་རུ་མིས་ལྷོ་སྣེའི་ཀེ་ལུའོ་ཕུའུ་རི་བོ་ནས་ཟླ་བའི་གོ་ལའི་སྐར་རྡོ་ཞིག་རྙེད་ཅིང་། རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་དེ་ལ་ཨང་རྟགས་GRV150357བསྒྲིགས་པ་དང་འབྲེལ་རྒྱལ་སྤྱིའི་སྐར་རྡོ་མཐུན་ཚོགས་སྐར་རྡོ་མིང་འདོགས་ཨུ་ལྷན་གྱི་ཞིབ་མཆན་ཐོབ་ཡོད་པ་རེད།

          ད་ཐེངས་ཀྱི་སྐར་རྡོ་རིགས་དབྱེ་ལས་དོན་གྱི་འགན་འཁུར་མཁན་ཀུའེ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སྐར་རྡོ་དང་རྒྱུ་སྐར་དངོས་པོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཚོད་ལྟ་བ་ཆེན་མོ་འབུམ་རམས་པ་ཞ་ཀྲི་ཕེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བའི་གོ་ལའི་སྐར་རྡོ་རྩ་ཆེན་འདི་ནི་ཀྲུང་གོའི་ཐེངས32པའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་གིས་ཀེ་ལུའོ་ཕུའུ་རི་བོར་བསྡུ་རུབ་བྱས་པ་ཞིག་ཡིན་པ་དང་། ལྗིད་ཚད་ཁེ11.74དང་ཆེ་ཆུང་ཧ་ལམ་ཧའོ་སྨི18×ཧའོ་སྨི་22×ཧའོ་སྨི་28ཡིན་པ་དང་། སྤྱིའི་ཆ་ནས་ནག་པོ་ཡིན་པ་དང་། ཟུར་ལྡན་བྲག་རྡེའུ་ཡི་རྣམ་པར་མངོན་ཡོད།
          “ཐོག་མའི་ཞིབ་འཇུག་ལྟར་ན། འདི་ནི་ཟུར་ལྡན་བྲག་རྡེའུ་ཆག་ཧྲུལ་གྱིས་གྲུབ་པའི་གཏེར་རྡོ་ཞིག་དང་། ཟླ་བའི་གོ་ལའི་མཐོ་ས་དང་ཟླ་བའི་མཚོ་ནས་བྱུང་བའི་བྲག་རྡོ་ཆག་ཧྲུལ་མི་འདྲ་བ་ལས་གྲུབ་པ། ཟླ་བའི་སྐོགས་ཤུན་གྱི་རྙོག་འཛིང་ཆེ་བའི་བྲག་རྡོའི་ངོ་བོ་ཤེས་རྟོགས་བྱེད་ས་ཡག་ཤོས་དེ་ཡིན་ཞིང་། རང་རྒྱལ་གྱིས་ཟླ་བའི་གོ་ལའི་དངོས་དཔེ་ཞིབ་འཇུག་བྱེད་པར་ཁ་གསབ་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོའི་ཚོགས་པས་སྐར་རྡོའི་མ་དཔེ་ཁྲོད་ཀྱི་ཆག་ཧྲུལ་མི་འདྲ་བར་ཞིབ་འཇུག་གཏིང་ཟབ་བྱས་ནས། དེའི་འབྱུང་ཁུངས་ཁུངས་འདེད་བྱས་ཏེ་ཟླ་བའི་སྐོགས་ཤུན་གྱི་འཕེལ་འགྱུར་ལོ་རྒྱུས་སྔར་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན” ཅེས་ཞ་ཀྲི་ཕེང་གིས་བཤད། 

རྩོམ་སྒྲིག་པ། ལྷ་འབྲུག