ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

གནའ་བོའི་བང་སོ་འདི་ནས་རིག་དངོས་600ལྷག་རྙེད་འདུག

སྤེལ་དུས 2023-12-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཟླ12པའི་ཚེས5ཉིན། ཁྲུང་ཆིང་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནས་འཕྲིན་སྤེལ་ནས། ཉེ་དུས་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དེས་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ལུང་ཆུས་སུ་ཉར་ཚགས་ཡག་པོ་བྱས་ཤིང་ལོ་རྩིས་གསལ་པོ་ཡོད་པའི་ཧན་རྒྱལ་རབས་ནུབ་མའི་བང་སོ་ཞིག་གསར་དུ་རྙེད་པ་དང་། དེར་རྩ་ཆེའི་རིག་དངོས་600ལྷག་ཙམ་ས་འོག་ནས་བཏོན་པ་རེད། རིགས་གཅིག་མཁས་པས་ད་རེས་གསར་རྙེད་བྱུང་བའི་ཧན་རྒྱལ་རབས་ནུབ་མའི་དུས་སྐབས་ཀྱི་བང་སོ་ནས་བཏོན་པའི་རིག་དངོས་ཀྱི་གྲངས་འབོར་མང་བ་དང་། ལོ་དུས་ཡུན་རིང་བ། ཚད་གཞི་མཐོ་བས་ཁྲུང་ཆང་དུ་དེ་སྔ་གསར་རྙེད་བྱུང་བའི་ཧན་རྒྱལ་རབས་ནུབ་མ་དང་ཤར་མ་དུས་སྐབས་ཀྱི་རྗེས་ཤུལ་ནང་གི་ཐོག་མ་ཡིན་པར་ངོས་འཛིན་བྱས་ཡོད།



རྩོམ་སྒྲིག་པ། ལྷ་འབྲུག