ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཡུལ་འདི་ནས་གནའ་བོའི་བང་སོ་ཆེ་གྲས་ཤིག་རྙེད་འདུག

སྤེལ་དུས 2023-12-25 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          གསར་འགོད་པས་2023ལོའི་ཧོ་ནན་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་སྤེལ་རེས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨན་དབྱང་ཏ་ཕོ་གནའ་ཤུལ་དུ་ཧྲང་རྒྱལ་རབས་དུས་མཇུག་གི་ཁྱིམ་རྒྱུད་བང་སོ་ཞིག་ཤེས་རྟོགས་བྱུང་བ་དང་། ཁྱོན་བསྡོམས་ཧྲང་རྒྱལ་རབས་ཀྱི་བང་སོ་28རྙེད་པ་དང་། དེའི་ནང་ཆེ་འབྲིང་ཆུང་གསུམ་གྱི་གཞི་ཁྱོན་མི་འདྲ་བ་དང་གྲུབ་ཆ་མི་འདྲ་བའི་བང་སོ་རིགས་3ཡོད་པ་རེད། དེའི་ཁྲོད་ཀྱི་བང་སོ་ཆེ་གྲས་M16དང་། M17 M18བཅས་ལ་ལྷོ་བྱང་གཉིས་ཀར་དུར་ལམ་ཡོད་པ་དང་རྒྱ་ཡིག་“中”གི་དབྱིབས་དང་འདྲ། 
          ཨན་དབྱང་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཚུའེ་ཙུང་ལེའང་གིས་མཚམས་སྦྱོར་བྱས་དོན། དུར་སའི་ལྷོ་ངོས་སུ་ད་དུང་དུར་རྫས་མིའི་དོང་དང་། རྟ་ཡི་དུར་རྫས་སོགས་ཡོད། བང་སོ་དང་དེ་བཞིན་ཉེ་འཁོར་གྱི་རྟ་དོང་དང་མཆོད་འབུལ་ཤུལ་བཞག་ཤེས་རྟོགས་བྱུང་བའི་ཏ་ཕོ་བང་སོ་ནི་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པའི་ཧྲང་རྒྱལ་རབས་དུས་མཇུག་གི་བང་སོ་ཞིག་ཡིན་པ་དང་། དུར་ས་དེ་ཆེ་འབྲིང་ཆུང་གསུམ་གྱི་བང་སོ་དབྱེ་བ་དེས་ཧྲང་རྒྱལ་རབས་དུས་མཇུག་གི་འདས་མཆོད་ལམ་ལུགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད་པས། སྐབས་དེའི་སྤྱི་ཚོགས་རྩ་འཛུགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ངོ་བོ་འཚོལ་ཞིབ་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།



རྩོམ་སྒྲིག་པ། ལྷ་འབྲུག