ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

བཟའ་སྣུམ་ཉར་ཚགས་བྱེད་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད།

སྤེལ་དུས 2024-01-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             བཟའ་སྣུམ་ནི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་གཤིས། བཟའ་སྣུམ་ཉར་ཚགས་ལུགས་མཐུན་མ་བྱུང་ན་ངོ་བོ་འགྱུར་ནས་དྲི་མ་ངན་པོ་ཁ་བ་དང་ཚལ་གྱི་བྲོ་བ་འགྱུར་བ། དེ་བས་མིའི་གཟུགས་གཞི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་ཡི་ཡོད། འོ་ན་ང་ཚོས་བཟའ་སྣུམ་ཉར་ཚགས་བྱེད་སྐབས་གནད་དོན་གང་དག་ལ་དོ་སྣང་བྱེད་དགོས་སམ་ཞེ་ན།
            གཅིག བླུགས་སྣོད་ལ་དོ་སྣང་བྱེད་དགོས། བཟའ་སྣུམ་བླུགས་བྱེད་ཀྱི་སྣོད་ཆས་ཡག་ཤོས་ནི་རྫ་མའི་རིགས་དང་དཀར་ཡོལ་གྱི་སྣོད། ཚོན་མདོག་སྣུམ་པའི་ཤེལ་བུམ་སོགས་ཡིན། འགྱིག་དམ་དང་ལྕགས་ཆས་རིགས། ཕྱི་གསལ་ནང་གསལ་གྱི་ཤེལ་བུམ་སོགས་ནང་བཟའ་སྣུམ་བླུགས་རྒྱུ་མེད།
            གཉིས། ཉར་ཚགས་བྱེད་པའི་ཁོར་ཡུག་ལ་དོ་སྣང་བྱེད་དགོས། བཟའ་སྣུམ་རིགས་ཉར་ཚགས་བྱེད་སྐབས་སྐམ་ཤས་ཆེ་ལ་གྲིབ་བསིལ་ཁུལ་དུ་འཇོག་དགོས། བཟའ་སྣུམ་བླུགས་སྣོད་ལ་ཉི་འོད་མི་ཕོག་པ་བྱེད་པ་དང་། ཚ་བ་ཆེ་སར་དེ་བས་འཇོག་རྒྱུ་མེད།
            གསུམ། སྣུམ་བླུགས་སྣོད་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས། སྣུམ་བླུགས་སྣོད་ནང་དུ་ཆུ་དང་དངོས་པོ་གཞན་མི་འཛུལ་བ་བྱེད་དགོས་པ་དང་། སྣུམ་རྫོགས་རྗེས་སྣུམ་སྙིགས་གཙང་མ་བཟོ་དགོས་པ་ལས། སྣུམ་རྙིང་པའི་ནང་སྣུམ་གསར་པ་བསྲེས་ནས་བླུགས་རྒྱུ་མེད།
            བཞི། ཆ་རྐྱེན་ཡོད་པ་དང་དང་དོད་བྱེད་མཁན་ཚོས་བཟའ་སྣུམ་འབོར་ཚད་སྟོང་ཁེ་རེའི་ནང་དུ་འཚོ་རྒྱུ་ཅ་པ་རིལ་བུ་རེ་བླུགས་ན་འཚོ་རྒྱུ་ཅ་པས་དབྱང་འགྱུར་འགོག་པའི་ནུས་པ་ཐོན་པས། སྣུམ་གྱི་འཚོ་བཅུད་འགན་ལེན་ཐུབ།
            ལྔ། ཡག་ཤོས་བྱུང་ན་སྣུམ་བླུགས་སའི་སྣོད་ཆས་ཀྱི་ཁ་བཙན་པོ་དགོས་པ་དང་། སྣུམ་བཀོལ་སྤྱོད་བྱེད་རིམ་བཞིན་ཁ་གཅོད་དམ་པོ་རྒྱག་རྒྱུར་དོ་སྣང་བྱེད་དགོས། དེ་འདྲ་བྱས་ན་སྣུམ་དང་མཁའ་རླུང་རེག་ཐུག་བྱེད་པའི་གོ་སྐབས་ཉུང་དུ་ཕྱིན་ནས་སྣུམ་དབྱང་འགྱུར་གྱིས་ངོ་བོ་འགྱུར་བའི་གནས་ཚུལ་སྔོན་འགོག་བྱེད་ཐུབ།


རྩོམ་སྒྲིག་པ། ལྷ་འབྲུག