ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

དྲག་ཆར་འབབ་སྐབས་སྒོ་ཕྱིར་བསྐྱོད་དགོས་ན་འདི་དག་ལ་གཟོབས།

སྤེལ་དུས 2023-09-26 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། རྩོམ་པ་པོ།
          1དྲག་ཆར་འབབ་སྐབས་རྐང་ཐང་དུ་སྒོ་ཕྱིར་འགྲོ་ན།
          01ལམ་འགྲམ་གྱི་བརྡ་ཁྱབ་བྱང་བུ་དང་གནོན་སྒྱུར་ཆས། གློག་སྡོང་སོགས་ཉེན་ཁ་ཆེ་བའི་དངོས་པོར་གཡོལ་དགོས།  
          02འཛུགས་སྐྲུན་ལས་གནས་ཀྱི་གནས་སྐབས་གྱང་ར་དང་རི་ལྡེབས་ཀྱི་གྱང་ར་སོགས་ལ་གཡོལ་དགོས། 
          03གང་འདོད་དུ་ཆུ་འཁྱིལ་སོགས་ལ་བརྒལ་མི་རུང་བར། ཁྲོན་པའི་ཁ་ལེབ་དང་ས་འོག་ཆུ་ལམ། བཙོག་འབུད་ཁྲོན་པ་སོགས་ལ་གཟབ་དགོས། ལམ་ངོས་སུ་ཆུ་འཁྱིལ་ཡོད་ན་ངེས་པར་གཡོལ་ནས་འགྲོ་དགོས། 

          2 དྲག་ཆར་འབབ་སྐབས་རླངས་འཁོར་བསྐོར་ན།
          01ལམ་ལ་མ་ཆས་སྔོན་དུ་སྒུལ་བྱེད་འཕྲུལ་ཆས་ཀྱི་ཁ་ལེབ་དང་སྒོ་སོགས་ཀྱི་ཁ་ཟུམ་ཡག་བྱས་ཡོད་མེད་དང་། ཆར་ཕྱིས་དང་སྒོག་ཆས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས་ཏེ། གལ་ཏེ་ཆག་སྐྱོན་ཡོད་ན་ངེས་པར་དུ་ཞིག་གསོ་བྱ་དགོས། 
          02རླངས་འཁོར་སྐོར་སྐབས་འགྲོས་ཚད་དལ་མོའི་ངང་རླངས་འཁོར་གཞན་དང་བར་ཐག་བཞག་ནས་འགྲོ་དགོས་ལ། ཆར་ཆུ་འབབ་ཉིན་མཐོང་ཚད་མི་བཟང་བས་སྨུག་སེལ་གློག་བཀར་དགོས། 
          03ལམ་ངོས་ཀྱི་ཆུ་འཁྱིལ་དེ་འཁོར་ལོའི་ཕྱེད་ལ་སླེབས་སྐབས། རླངས་འཁོར་རྒྱུན་ལྡན་ངང་བགྲོད་ཆོག་ཀྱང་། མྱུར་ཚད་དལ་དུ་བཅུག་སྟེ་སྒུལ་བྱེད་འཕྲུལ་ཆས་ཀྱི་ནང་དུ་ཆུ་སོང་ནས་མེ་སྒོ་གཟིམ་པར་སེམས་ཆུང་བྱ་དགོས།
          04རླངས་འཁོར་ཆུར་བརྒལ་ཏེ་འགྲོ་སྐབས་མེ་སྒོ་གཟིམ་པ་ཡིན་ན། ངེས་པར་ཆུ་སྟོད་ལ་མ་སླེབས་གོང་ནས་བཟུང་ཉེན་ཁའི་གནས་དང་ཁ་འབྲལ་དགོས་པ་ལས། རླངས་འཁོར་ནང་དུ་སྐྱོབ་རྒྱུར་བསྒུགས་ནས་སྡོད་མི་རུང་། ཆུ་ཇེ་མཐོར་སོང་བ་དང་བསྟུན་ནས་གློག་སྒུལ་སྒོ་དང་སྒེའུ་ཁུང་ལ་རང་འགུལ་ངང་ཟྭ་རྒྱག་པས། མི་ལུས་བདེ་འཇགས་ལ་ཉེན་ཁ་ཡོད།