ཧོན་ལོག་པའི་ནད་ནི་འཛམ་གླིང་རང་བཞིན་གྱི་ནད་ཚབས་ཆེན་ཞིག་ཡིན་ལ། དེས་ནད་པའི་དྲན་པ་དང་བསམ་གཞིག་གི་ནུས་པ་ཉམས་པར་བྱེད། ཆེད་མཁས་པས་ཞིབ་འཇུག་བརྒྱུད་ཧོན་ལོག་པའི་ནད་ཀྱི་སྔ་དུས་ནད་རྟགས་བཅུ་བཏོན་ཡོད་ལ། དེར་བརྟེན་ནས་མི་སྒེར་དང་ཁྱིམ་ཚང་། བདེ་ཐང་དོ་དམ་པ་སོགས་ཀྱིས་དུས་ཐོག་ཏུ་ནད་ངོས་འཛིན་བྱས་ཏེ་ཆེད་ལས་ཀྱི་སྔོན་འགོག་བྱས་ཆོག
ཧོན་ལོག་པའི་ནད་ཀྱི་སྔ་དུས་ནད་རྟགས་ལ་གཤམ་གྱི་འདི་དག་ཡོད་དེ།
1.དྲན་པ་ཇེ་ཞན་དུ་འགྲོ་བ།
2.གནད་དོན་གང་ཡིན་ཡང་ཐག་གཅོད་དཀའ་བའི་ཚོར་བ་ཡོད་པ།
3.རྒྱུན་པར་དུས་ཚོད་དང་ས་གནས་ནོར་བ།
4.མཐོང་ཚོར་དང་བར་སྟོང་འདུ་ཤེས་ལ་འགྱུར་ལྡོག་འབྱུང་བ།
5.བརྡར་ཤ་གཅོད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ།
6.སྤྱི་ཚོགས་འབྲེལ་འདྲིས་ཇེ་ཉུང་དུ་འགྲོ་བ།
7.སེམས་ཁམས་དང་གཤིས་ཀར་འགྱུར་ལྡོག་འབྱུང་བ།
8.སྐད་ཆ་བཤད་པ་དང་རྩོམ་འབྲི་བར་དཀའ་ངལ་ཡོད་པ།
9.དབང་ཤེས་འཁྲུལ་བ།
10.གཞན་ལ་གནོད་བྱེད་པ་དང་འཚུབ་ཆ་ལངས་པའི་སེམས་ཁམས་ཇེ་དྲག་ཏུ་འགྲོ་བ།
ནད་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས། ནད་པར་ནད་རྟགས་ཚབས་ཆེ་འབྲིང་ཅི་རིགས་མངོན་སྲིད་ལ། ནད་རྟགས་ལ་དྲན་པ་མུ་མཐུད་དུ་ཉམས་པ་དང་སྔར་བས་འབྲེལ་འདྲིས་བྱེད་དཀའ་བར་འགྱུར་བ། ཁ་ཕྱོགས་ནོར་བའམ་མགོ་འཐོམས་པ། གཞི་རྩའི་ལས་ཀ་དང་ཉིན་རྒྱུན་གྱི་འགན་ཁུར་འགྲུབ་མི་ཐུབ་པ། སྤྱོད་པ་དང་སེམས་ཁམས་འགྱུར་ལྡོག་སྔར་བས་ཆེ་བ། འཁྲུལ་སྣང་འབྱུང་བ། གཟུགས་པོའི་ལྗིད་ཚད་མར་ཆག་པ་དང་བདེ་ཐང་གི་གནས་ཚུལ་ཇེ་ཞན་ལ་འགྲོ་བ། གཉེན་ཉེ་ངོ་མི་ཟིན་པ། རང་ཉིད་ལ་བདག་སྐྱོང་བྱེད་པའི་ནུས་པ་ཤོར་བ། ཤེས་པ་མངོན་གསལ་གྱིས་ཉམས་པ་སོགས་ཡོད།