ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > ཚ་ཤོས།

མིག་འབྱེད་སྤྱན་རས་གཟིགས་ཀྱི་གཟུངས།

སྤེལ་དུས 2021-10-27 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
༄༅། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །
རྫོགས་སངས་རྒྱས་ཀྱིས་སྐུ་ལ་བརྒྱན། །
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །
སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
ཏཏྱཐ། ཨོཾ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུ་མཻ་ཏྲི་ཤྭ་ཀྲྰུ་ན་ཡེ་སྭཱ་ཧཱ། ཅི་འགྲུབ་བཟླས་ནས།
དགེ་བ་འདི་ཡིས་མྱུར་ཏུ་བདག །
སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །