དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

གླིང་གི་རྒྱལ་མཚན་ཐོགས་པའི་མི་བཞི།

སྤེལ་དུས 2021-02-26 ཡོང་ཁུངས། འཕྲིན་སྟེགས། རྩོམ་པ་པོ།
       གླིང་གི་རྒྱལ་མཚན་ཐོགས་པའི་མི་བཞི་ནི་སོ་སོར་སྐྱ་ལོ་སྟོན་པ་རྒྱལ་མཚན། འདན་མ་གུ་རུ་རྒྱལ་མཚན། དཀར་རུ་ཉི་མ་རྒྱལ་མཚན། ནག་རུ་ཐར་བ་རྒྱལ་མཚན་བཅས་ཡིན།
       སྐྱ་ལོ་སྟོན་པ་རྒྱལ་མཚན།
       སྐྱ་ལོའི་སྟོན་པ་རྒྱལ་མཚན་ནི་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དང་སྐྱ་ལོའི་བུ་ཡག་འབྲུག་རྒྱལ(གླིང་དཔའ་རྟུལ་སུམ་ཅུའི་ཡ་གྱལ)གཉིས་ཀྱི་ཡབ་ཡིན། ཁྲ་མོ་གླིང་གི་ཆེས་ཕྱུག་པོའི་ཚོ་སྡེ་ཆེན་པོ་ཞིག་ཡིན། ཁོའི་ཡུལ་ངོ་མ་ནི་བྱང་ཡུལ་སྟོད་ཡིན། ཁོར་སྤུན་གཉིས་ཡོད་པ་སྔོ་ལོ་གྲོ་ལོ་གཉིས་ཡིན། བྱང་ཡུལ་སྟོད་ནས་ཁ་མ་སོས་པར་གླིང་ལ་འཁྱམས་ནས་འོངས་པ་ཞིག་ཡིན་ལ། རྗེས་སུ་བཙན་གྱི་རྩེ་མོ་དགུང་ལ་མཉམ་ཞིང་། ཕྱུགས་ཀྱི་རུ་མ་སར་བརྡལ་བས་གླིང་མི་ཀུན་གྱིས་སྐྱ་ལོ་ཕྱུག་གི་སྡེ་བ་ཞེས་མཚན་སྙན་རླུང་ལྟར་གྲགས་ཤིང་། རྟ་ཕོའི་མིང་ལ་འདོ་བ་དགུ་བརྒྱ་རྭ་གཅིག་ཟེར་ཞིང་རྟ་ཕོའི་སྤུ་མདོག་གྲོ་སྔོན་སྐྱ་ཡིན།
       འདན་མ་གུ་རུ་རྒྱལ་མཚན།
       ཡབ་གསེར་བའི་སྟོབས་ཆེན་ཨ་རྒྱལ་དང་། ཡུམ་འདན་བཟའ་ལྷ་མོ་ཐེམ་ཆུང་གཉིས་ལ། སྲས་འདན་མ་གུ་རུ་རྒྱལ་མཚན་འཁྲུངས། བློན་ཆེན་འདན་མའི་ཚ་བོ་ཡིན། མི་ན་གྲོད་བོང་ཁེ་རིང་བ་དེ། གདོང་སར་འབྲུམ་རྗེས་མང་ལེ་དེ། འདན་མ་གུ་རུ་རྒྱལ་མཚན་རེད། མཁར་དཀར་ཕུ་ལྷ་རྫོང་། འདོ་བ་རྨ་བྱ་ཁྲིག་གེ རལ་གྲི་སྟོང་ཚ་ཡུ་དམར། 《ཧོར་གླིང་གཡུལ་འགྱེད》དུ། ཁོང་དཔའ་ངར་རྟུལ་ཕོད་ཀྱིས་སེང་ལྕམ་འབྲུག་མོ་དང་ཇ་མཁར་རིང་མོ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ་ཞུགས། མཐར་མང་སྣ་ཉུང་གིས་མ་བརྟེན་པར་ཧོར་དམག་གིས་བཀྲོངས་སོ། ། 
       དཀར་རུ་ཉི་མ་རྒྱལ་མཚན།
       དཀར་རུ་ཉི་མ་རྒྱལ་མཚན་ནི་ལྕགས་བྱ་ལོར་འཁྲུངས་ཤིང་། ཡབ་དཀར་རུ་དཔའ་བསྟན་མགོན་པོ་དང་ཡུམ་རུ་བཟའ་ཆུང་སྐྱིད་དར་མཚོ་ཡིན། རྟ་ཕོའི་མིང་ལ་རྟ་དཀར་ལུ་གུ་འཆམ་ཤེས་ཟེར་ཞིང་། སྤུ་མདོག་དཀར་སྐྱ་ཡིན། རྗེས་སུ་དཀར་རུ་ཞེས་གླིང་ཚོ་ཆེན་གྱི་འདུ་ར་འཚོགས་སྐབས་མེད་མི་དུ་རུང་བའི་མི་སྣ་གྲགས་ཅན་ཞིག་ཡིན།
       ནག་རུ་ཐར་བ་རྒྱལ་མཚན།
       ནག་རུ་ཐར་བ་རྒྱལ་མཚན་ནི་ཆུ་ཡོས་ལོར་འཁྲུངས་ཤིང་། གླིང་གསེར་ཐུབ་དང་ཡུམ་སྒྲོན་གྱི་སྲས་སུ་སྐུ་འཁྲུངས་ཤིང་། རྟ་ཕོའི་མིང་ལ་འདོ་བ་སྤྲིན་གཤོག་མགྱོགས་ལྡན་ཟེར་ཞིང་། སྤུ་མདོག་སྔོན་སྐྱ་ཡིན། རྗེས་སུ་ནག་རུ་ཞེས་གླིང་ཚོ་ཆེན་གྱི་འདུ་ར་འཚོགས་སྐབས་མེད་དུ་མི་རུང་བའི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར།