ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

གཡུང་དྲུང་བོན་གྱི་གསོ་རིག་གི་བསྟན་པའི་དུས་རིམ།

སྤེལ་དུས 2022-05-31 ཡོང་ཁུངས། བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས། རྩོམ་པ་པོ།
        ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ནང་དུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་གཡུང་དྲུང་བོན་བསྟན་གྱི་སྲོལ་གཏོད། འགྲོ་བ་མང་པོར་སྨན་པའི་ལས་རྒྱ་ཆེར་མཛད། སྟོན་པ་གཤེན་རབ་མི་བོ་ཆེ་ལ་སྲས་བརྒྱད་ཡོད་པའི་ནང་གི་བགྲེས་ཤོས་དཔྱད་བུ་ཁྲི་ཤེས་ཀྱི་༼དུག་བཅོས་གཡུང་དྲུང་འཁྱིལ་བ་༽མཛད་པ་དེ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་གསུང་རྩོམ་༼གསོ་རིག་གི་ཐོ་ཡིག་གསལབྱེད་མ་ལི་ཀའི་རྒྱུན་ཐག༽ནང་དུ་བཀོད་འདུག་པས། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་གནའ་རབས་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་མྱུ་གུ་འབུས་པ་རེད། གཞན་ཡང་། ཏུན་ཧོང་ནས་ཐོན་པའི་༼མེ་བཙའ་བཅོས་ཐབས༽ཀྱི་བྱང་དུ། དཔྱད་ཡིག་འདི་ནི་ཕྱག་སྦལ་ནའང་མེད་དེ་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ་ཞེས་འབྱུང་བར་བལྟས་ན། ཞང་ཞུང་དུ་སྨན་དཔྱད་ཀྱི་སྐོར་མང་བོ་ཡོད་པ་གོར་མ་ཆག།།