“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

མི་ཕམ་དགོན་པ།

སྤེལ་དུས 2019-11-04 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
             མི་ཕམ་དགོན་པ་ནི་སྤྱི་ལོ1792ལོར་གསར་འདེབས་བྱས་པ་ཡིན། སི་ཁྲོན་རྔ་བ་ཁུལ་བཙན་ལྷ་རྫོང་གི་མི་ཕམ་ཡུལ་ཚོར་བཞུགས་ཡོད་ལ་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན། སྤྱི་ལོ1988ལོར་བཙན་ལྷ་རྫོང་ལ་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་པས་ད་ལྟ་དགོན་འདིར་བླ་གྲྭ15བཞུགས་ལ།སྔོན་ཆད་བླ་གྲྭ300བཞུགས་པར་བཤད། སྤྱི་ལོ2008ལོར་དགོན་པའི་ས་ཡོངས་ལ་སྨི་གྲུ་བཞི་མ1400ལྷག་ཡོད་ཅིང་། བཙན་ལྷ་རྫོང་དང་བར་ཐག་སྤྱི་ལེ36ཡོད། 
             1 ​ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ།
             དགོན་སྡེ་འདི་ནི་རབ་བྱུང༡༣པའི་ཆུ་བྱི་ལོར་ཆིན་ལུང་ཁྲི་ལོ་ལྔ་བཅུ་ང་བདུན་པའི་སྐབས་ཏེ་སྤྱི་ལོ1792ལོར་དགེ་ལུགས་པའི་དགོན་སྡེ་རུ་གསར་དུ་ཕྱག་བཏབས་གནང་ནས་བླ་རབས་རིམ་བྱོན་གྱིས་ཕྱག་སྐྱོང་ལེགས་པོ་གནང་སྟེ། ད་ལྟ་དགོན་པ་འདིའི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ1400ལྷག་ཡོད། དགོན་འདིའི་ནང་གི་རྟེན་གསུམ་སྐོར་གཙོ་བོ་བྱམས་པ་འཁོར་མ། ཐུགས་རྗེ་ཆེན་པོ། ཤྭཀྱ་ཐུབ་པ། སྒྲོལ་མ། སངས་རྒྱས་ཨ་ཙ་མ་ཁྲུ་གཉིས་ཅན་སོགས་ཡིན་ནོ།།
             2 བླ་རབས་རིམ་བྱོན།
             དགོན་པ་འདིའི་བླ་རབས་རིམ་བྱོན་ནི་སྐུ་ཕྲེང་དང་བོ་སེར་སྨད་རབ་འབྱམས་པ་བླ་མ་གྲགས་པ་བཟོད་པ་དང་སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས།སྐུ་ཕྲེང་གསུམ་པ་བསྟན་འཛིན་བཟང་པོ། སྐུ་ཕྲེང་བཞི་བ་ཐུབ་བསྟན་སྐལ་བ་ཁྲི་འབུམ། སྐུ་ཕྲེང་ལྔ་བ་བློ་བཟང་དར་རྒྱས། སྐུ་ཕྲེང་དྲུག་པ་བློ་བཟང་ཡེ་ཤེས་འཕྲིན་ལས་རབ་རྒྱས། སྐུ་ཕྲེང་བདུན་པ་ངག་དབང་ཉི་མ་བཅས་ཀྱིས་དགོན་འདིར་ཕྱག་སྐྱོང་གནང་བ་ཡིན།
             3 དུས་མཆོད། 
             དཔྱིད་ཟླ་དང་བོའི་ཚེས་བཅོ་ལྔའི་བར་སྨོན་ལམ་ཆེན་མོ་དང་། ཟླ་བ་བཞི་བའི་ཚེས་བཅུ་དང་བཅུ་ལྔའི་བར་སྨྱུང་གནས། ཟླ་བཅུ་པའི་ཚེས་ཉེར་གསུམ་དང་ཚེས་ཉེར་དྲུག་བར་ལྔ་མཆོད་བཅས་ཡིན།
             4 ལྷ་སྡེ། 
             མི་ཕམ་དགོན་པའི་ལྷ་སྡེ་ནི་བཙན་ལྷ་རྫོང་གི་མི་ཕམ་ཡུལ་ཚོ་ཡིན།