“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཚོ་བདུན་དགོན་པ།

སྤེལ་དུས 2019-12-25 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
          1 ​ངོ་སྤྲོད་རགས་བསྡུས།
          དགོན་སྡེ་འདི་ནི་འབར་ཁམས་གྲོང་ཁྱེར་གྱི་ཚོ་བདུན་ཡུལ་ཚོར་ཡོད། དགོན་པའི་མིང་གཞན་ལ་ཚོ་བདུན་བཀྲ་ཤིས་ཆོས་འཁོར་གླིང་ཞེས་གྲགས་པའོ། ། དགོན་པ་འདི་དང་བོ་རབ་བྱུང17པའི་ཆུ་གླང་ལོ་སྟེ(སྤྱི་ལོ1853ལོར)ཅོག་ཙེའི་བློན་ཆེན་མཁར་དགུ་ཏཱ་རོ་འཇམ་དབྱངས་ཀྱིས་སྦྱིན་བདག་མཛད་ནས་ཕ་མཐའ་སྐུ་ཕྲེང་བཞི་བ་དཀོན་མཆོག་བསྟན་འཛིན་ཕུན་ཚོགས་མཆོག་གིས་ཕྱག་བཏབ།
          2 བཤད་སྒྲུབ་ཆོས་སྤྱོད་ཀྱི་རིམ་པ།
          དགོན་པ་འདིའི་བཤད་སྒྲུབ་ཆོས་སྤྱོད་ཀྱི་རིམ་པ་ནི། དགོན་པ་འདི་ནི་ཕ་མཐའི་ལུང་བསྟན་ལྟར་དགོན་འགོ་ཀིརྟི་ལ་ཕུལ་ནས་མཚན་ཉིད་དང་རྒྱུད་སྡེ་གཉིས་ཀ་བཙུགས། མཚན་ཉིད་ནི་པཎ་ཆེན་གྱི་ཡིག་ཆ་ལྟར་འཛིན་གྲྭ་ཁ་དོག་གོང་འོག བསྡུས་གྲྭ། བློ་རྟགས། གཞུང་གསར། ཕར་ཕྱིན། བཀའ་རམས་བཅས་འཆད་ཉན་གྱི་འཛིན་གྲྭ་བརྒྱད་དང་། རྒྱུགས་སྤྲོད་ཆེ་བ་གསུམ། འཛིན་གྲྭ་རེ་རེས་ལོ་གཅིག་དང་གཉིས་བྱས་ནས་རྒྱུགས་སྤྲོད་དགོས། སྦྱངས་འབྲས་ལ། ལྷ་རམས་པ། བཀའ་བཅུ་བ། སྔགས་རམས་པ། རབ་འབྱམས་པ་སོགས་ཀྱི་ཐོབ་ཐང་གནང་སྲོལ་ཡོད། རྒྱུད་སྡེ་ལ་བདེ་གསང་འཇིགས་གསུམ། ཀུན་རིག མི་འཁྲུགས་པ་བཅས་ཀྱི་ཕྱག་ལེན་བླ་བྲང་བཀྲ་ཤིས་འཁྱིལ་བ་ལྟར་བཙུགས་ཡོད། དུས་ཚིགས་བཞི་ལ་ཆོས་ཐོག་ཆེ་བ་བཞི་དང་། ཆོས་ཐོག་ཆུང་བ་བཅོ་ལྔ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅུ་བདུན་དང་། འཆམ་གཏོར་རྒྱག གླིང་སྐོར་བཅས་ཡོད།
          3 དགོན་པའི་མཁན་རབས་རིམ་བྱོན།
          དགོན་སྡེ་འདིའི་མཁན་རབས་བྱོན་ཚུལ་ནི། དང་བོ། ཕ་མཐའ་དཀོན་མཆོག་བསྟན་འཛིན་ཕུན་ཚོགས། གཉིས་པ། ང་རོ་འཇམ་དབྱངས། གསུམ་པ། རྒྱ་མཚོ་རབ་རྒྱལ་མེ་ཡོས་སྟེ(སྤྱི་ལོ1927ལོར)འཁྲུངས། བཞི་བ། བློ་བཟང་སྦྱིན་པ་རབ་རྒྱལ་ལྕགས་སྟག་སྟེ(སྤྱི་ལོ1950ལོར)འཁྲུངས། ལྔ་བ། བློ་བཟང་དཔལ་ལྡན། དྲུག་པ། མ་ཏི་བཛྲ་རབ་རྒྱལ་ཤིང་སྦྲེལ་ཏེ(སྤྱི་ལོ1944ལོར)འཁྲུངས། བདུན་པ། མཐོང་གྲོལ། བརྒྱད་པ། བྱ་སྨད་ཨ་འཛིན་རབ་ཚེས་ལྕགས་སྤྲེལ(སྤྱི་ལོ1920ལོར)འཁྲུངས་ནས་སྤྱི་ལོ1963ལ་འདས། དགུ་བ། ཡེ་ཤེས་རྒྱ་མཚོ། བཅུ་བ། བརྟན་ལོ། བཅུ་གཅིག ཏིང་འཛིན། བཅུ་གཉིས། བསྟན་འཛིན་རྒྱ་མཚོ་རབ་རྒྱལ་མེ་ཁྱི་སྟེ(སྤྱི་ལོ1946ལོར)འཁྲུངས་ནས་ཞལ་བཞུགས། བཅུ་གསུམ། བསྟན་པའི་རྒྱལ་མཚན་སོགས་ཀྱིས་དགོན་སྡེ་རིམ་པར་ཕྱག་སྐྱོང་གནང་བའོ། །
          4 མཁན་རབས་ཀྱི་གསུང་འབུམ།
          དགོན་འདིར་བྱོན་པའི་མཁན་རབས་ཀྱི་གསུང་འབུམ་ནི། མཁར་དགུ་དབོན་པོ་ཚུལ་ཁྲིམས་རྒྱ་མཚོས་གསུང་བའི་རིག་གནས་སྤྱི་དང་ཁྱད་པར་རྩིས་དཀར་ནག་གི་སྐོར། དབུ་མའི་མཆན་འགྲེལ་སོགས་པོད2བཞུགས་སོ། ། དགོན་སྡེ་འདིར་བཞུགས་པའི་གྲྭ་གྲངས་ནི། སྔོན་ཆད550དང་ད་ལྟ་དགེ་འདུན་ཞལ་གྲངས260ཡས་མས་ཡོད། དགོན་སྡེ་འདི་ལ་འབྲེལ་བ་ཡོད་པའི་དགོན་སྡེ་ནི་མ་དགོན་ཀིརྟི་རོང་དགོན་ཡིན་ལ། དཔེ་ཁྲིད་མཁན་པོ་ཀིརྟི་རྔ་དགོན་ནས་ཕེབས་དགོས་པས་དེ་དག་ལ་འབྲེལ་བ་ཡོད་དོ། ། སྤྱི་ལོ1983ལོར་འབར་ཁམས་གྲོང་ཁྱེར་གྱིས་ཆོས་སྒོ་ཕྱེ་པའི་ཆོག་མཆན་གནང་བའོ། །