ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་དགོས།

སྤེལ་དུས 2018-01-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་མ་ཚེ་རིང་།
          གནད་སྨིན་དབུལ་སྒྲོལ་ནི་འགག་སྒྲོལ་དམག་འཐབ་ཅིག་རེད། གལ་སྲིད་དུད་ཚང་དབུལ་པོ་ནི་དམག་འཐབ་ཁྲོད་ཀྱི་འཐབ་འཛིང་པ་ཞིག་ཡིན་པའི་དབང་དུ་བཏང་ན། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནི་བཀོད་འདོམས་པ་ལྟ་བུ་ཞིག་རེད། དེས་ན་བཀོད་འདོམས་པའི་སྤྱོད་ཚུལ་ནི་དམག་འཐབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ཉེ་དུས་སྨྱན་སྦྱོར་ཐོག་ས་གནས་ཁག་གཅིག་གི་དབུལ་སྐྱོར་ལས་དོན་ལ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་མང་པོ་ཐོན་ལུགས་སྤེལ་གཏོང་བྱས་པས། གལ་སྲིད་ལས་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་མ་བྱས་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དུས་བཀག་ལྟར་འགྲུབ་ཐུབ་བམ།
          གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བླང་བྱ་འདི་ལྟར་བཏོན་པ་སྟེ། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ད་ཆ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱས་ཏེ། གཅིག་ནས་ཚད་གཞི་དམའ་རུ་གཏོང་རྒྱུ་མེད་ལ་ཕྱོགས་གཞན་ཞིག་ནས་འདོད་རྔམ་ཡང་ཆེ་རུ་མི་གཏོང་བར། དམིགས་གཏན་འཁེལ་བའི་མང་ཚོགས་དབུལ་པོར་དམིགས་ནས་གནད་སྨིན་དབུལ་སྐྱོར་དང་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་ཏེ་ཤུགས་བཏོན་ནས་མི་འབོར་དབུལ་པོའི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་འཕེལ་བ་དང་དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།
          རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་གཞི་རིམ་ལས་བྱེད་པས་དབུལ་སྐྱོར་ལས་དོན་སྤེལ་རིང་སེམས་ཤུགས་བཏོན་ཡོད་ལ་ལེགས་སྐྱེས་ཀྱང་ཕུལ་ཡོད་པ་སྨོས་ཅི་དགོས། འོན་ཀྱང་ཤེས་དགོས་པ་ཞིག་ལ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དར་སྲོལ་ངན་པ་ས་ཆ་ཁག་གཅིག་ཏུ་སྔར་བཞིན་གནས་པ་མ་ཟད། ལས་བྱེད་པ་ཁག་གཅིག་གི་ལུས་ལ་ཧ་ཅང་མངོན་གསལ་དོད། མང་ཚོགས་ཀྱིས་ལས་བྱེད་པ་ཁག་གཅིག་གིས“ཤོད་པ་མང་ལ་སྒྲུབ་པ་ཉུང་བ”དང“གནས་ལུགས་མང་ལ་ཐབས་ཤེས་ཉུང་བ” “རེའུ་མིག་མང་ལ་ཇུས་གཞི་ཉུང་བ” “ཁས་ལེན་མང་ལ་དོན་འཁྱོལ་དཀའ་བ”ལ་སོགས་ཀྱི་སྣང་ཚུལ་ལྡན་ལུགས་ལ་བསམ་འཆར་བཏོན་ཡོད། ལས་བྱེད་པ་ཁག་གཅིག་གིས་མིང་ཙམ་ནས་གྲོང་སྡོད་དང་དུད་ཚང་འགན་གཙང་བླངས་ཀྱང་སྙིང་རུས་གཏན་འཁྱོངས་མི་བྱེད་པར་ལུས་གྲོང་གསེབ་ཏུ་ཡོད་ཀྱང་སེམས་གྲོང་ཁྱེར་དུ་གཡེང་བ་དང་། ལས་བྱེད་པ་ཁ་ཤས་ཕྱི་ཚུལ་ནས་ལྟ་དུས་ངག་འཇམ་ལ་སེམས་རྩ་འཁོལ་པོ་ཡོད་ཀྱང་དོན་དངོས་ཐོག་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་མི་འདང་བ། ལས་བྱེད་པ་འགའ་ཞིག་གིས་ཡུན་རིང་གོང་རིམ་དུ་སྡོད་པ་ལས་འོག་རིམ་གྱི་གནས་ཚུལ་ཤེས་རྟོགས་ཉུང་བ། ལས་བྱེད་པ་ལ་ལས་རང་སྣང་གིས་ཐབས་ཇུས་འདིང་བ་དང་བཀོད་འདོམས་བྱས་ཏེ་རང་འདོད་ལྟར་བྱ་བ་སྒྲུབ་པ། གཞན་ཡང་ལས་བྱེད་པ་ཉུང་ཤས་ཀྱིས་འགལ་ཟླ་ཡོད་སྐབས་རང་ཉིད་ཀྱིས་ཐག་གཅོད་མི་བྱེད་པར་གོང་ཞུ་བྱེད་པ་དང་། འགན་འཁྲི་གཡས་ཁག་གཡོན་དཀྲི་བྱེད་པ། ཁྲལ་སེལ་སླ་བཅོས་བྱེད་པ་ལ་སོགས་པའི་གནས་ཚུལ་མང་དག་ཅིག་གནས་ཡོད།
          གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་ཧ་ཅང་ཁ་གསལ་པོ་ཡོད། དབུལ་སྒྲོལ་བྱ་ཡུལ་དང་དམིགས་ཚད་ཀྱང་ཧ་ཅང་ཁ་གསལ་ལ་རིམ་ཁག་ལས་བྱེད་པས་ཀྱང་ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་ཐིག་ས་བཀྲ་བཅས་བཟོས་ཡོད། འོན་ཀྱང་འགག་སྒྲོལ་དམག་འཐབ་དེའི་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་བར་བརྟེན་གལ་སྲིད་སྤྱོད་ཚུལ་ལེགས་སུ་མ་བཏང་བར་སྔར་བཞིན་བསྡད་ན་བཀོད་འདོམས་པའི་ལས་འགན་འཁུར་ཐབས་བྲལ། སྤྱོད་ཚུལ་གྱི་གནད་དོན་དབང་གིས་རྗེས་སུ་ལུས་ན། རང་གཞན་གཉིས་ཀར་གནོད་སྲིད་ལ་ད་དུང་དབུལ་སྒྲོལ་གྱི་ལས་གཞི་ཆེན་པོ་ཡང་འཐུས་ཤོར་འགྲོ་ཉེན་ཡོད། དོན་དངོས་ལས་གསལ་བཤད་གང་ལེགས་ཐུབ་པ་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི“དགྲ་བོ་ཆེ་ཤོས”དང“འགོག་རྐྱེན་ཆེ་ཤོས”སུ་གྱུར་བས་ན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་མི་གཏོང་ཐབས་མེད་དུ་གྱུར་ཡོད།
          དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་དུང་བརྡ་བསྒྲགས་ནས་མི་དམངས་ཀྱིས་རེ་སྒུག་ཟབ་མོ་འཆང་བཞིན་ཡོད་པས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་གལ་ཆེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གནད་སྨིན་དབུལ་སྒྲོལ་གྱི་རྐང་པ་འཐེན་མཁན་དང་། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་རྐང་པ་འཐེན་མཁན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྐང་པ་འཐེན་མཁན་བཅས་སུ་མི་འགྱུར་བ་བྱེད་དགོས།