ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བརྩེ་བ་ངོ་མ་འཆང་བ་དང་བྱ་བ་དངོས་དོན་གཉེར་བྱས་ཏེ་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་དགོས།

སྤེལ་དུས 2018-02-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། དབྱང་ཙེ་ཡན།
          2011ལོའི་ཟླ་10པར། ལྗོངས་ཡོངས་སུ་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ཐེངས་རེ་རེའི་རུ་མི་ཚོས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་། ལས་འགན་དམིགས་ཚད་ཁག་ལ་དམ་པོར་དམིགས་ཏེ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་ཕུལ་ཡོད།
          མི་ལ་སྐྱོན་མེད་པ་མེད། ཤིང་ལ་འཛེར་པ་མེད་པ་མེད་ཅེས་པ་ལྟར། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་བ་དང་སྦྲགས་ཚང་མར་གནད་དོན་གསར་རྙིང་གང་ལ་གང་འཚམ་ཞིག་འཕྲད་སྲིད། འཚོ་བའི་ཁྲོད་ཀྱི་གནད་དོན་ཁག་གཅིག་གཡོལ་ན་འགྲིག་མོད། འོན་ཀྱང་གྲོང་སྡོད་ལས་དོན་སྤེལ་སྐབས་ཧ་རི་ཧུ་རི་གཏན་ནས་བྱེད་མི་ཉན། ང་ཚོས་ངེས་པར་དུ་བྱ་དངོས་ཚང་མར་འགལ་བ་ཡོད་པས། འགལ་བ་དེ་ཐག་གཅོད་སྔར་ལས་ཡག་པ་བྱས་ན་གཞི་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ་པའི་ངོས་འཛིན་གསལ་པོ་བྱེད་དགོས། དེས་ན་སྨྱུག་འཛིན་པས་བསམ་ཚུལ་འགའ་ཞིག་འདོན་འདོད་པ་སྟེ།
          གཅིག་ནས། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས། གྲོང་སྡོད་ལས་བྱེད་པས་རང་གཅུན་ནན་པོ་བྱེད་པ་དང་། དུས་མཚུངས་གཞི་རིམ་ཏང་ཡོན་དང་ལྷག་པར་དུ་ལས་བྱེད་པར་ཕྲག་ཐོག་ཏུ་བླ་ན་མེད་པའི་འགན་འཁྲི་ཁུར་ཡོད་པས་རང་རྟོགས་ངང་ཏང་ནང་ཞུགས་པའི་དམ་བཅའ་ལག་ལེན་བསྟར་ནས་གོང་རིམ་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་དང་། ཕྱོགས་ཡོངས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་གསོན་ཤུགས་ཆེན་པོ་དང་། ངར་ཤུགས། གཞུང་སེམས་རྣམ་དག་བཅས་རྒྱུན་འཁྱོངས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་ནམ་ཡང་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།
          གཉིས་ནས། མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས། ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་དང་དྲིལ་བསྒྲགས་སློབ་གསོ་བཏང་ནས་མང་ཚོགས་ལ་རང་བརྟེན་ལས་གཏོད་ཀྱི་འདུ་ཤེས་འཛུགས་པ་དང་། “སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཁྱོན་ཡོངས་ནས་མེད་པ་བཟོ་བ། ཞིང་འབྲོག་མང་ཚོགས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པའི་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་བཅའ་སྡོད་བྱ་ཡུལ་གྲོང་ཚོར་ཐབས་དང་ཇུས་འདོན་པ་དང་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་སྔར་བས་གཞན་སྒྱུར་བྱེད་དགོས།
          གསུམ་ནས་དམངས་ཆེད་བྱ་བཟང་དང་དོན་དངོས་སྒྲུབ་པའི་ཐད་དམ་འཛིན་ལྷོད་མེད་བྱེད་དགོས། རྨང་བརྟན་དམངས་ཕན་གྱི་ཆེད་དོན་མ་དངུལ་དོན་འཁྱོལ་ཏན་ཏིག་བྱས་ཏེ“མྱུར་གྲུབ”རྣམ་གྲངས་ཀྱི་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱིས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། རྨང་བརྟན་དམངས་ཕན་རྣམ་གྲངས་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་ཨང་དང་པོར་བཞག་སྟེ་སྤུས་ཚད་དང་མྱུར་ཚད་མཐོར་གཏོང་གིས་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གནད་འགག་ལ་དམ་འཛིན་ནན་པོ་བྱེད་དགོས།
          མདོར་ན། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ལས་ཀའི་ཁྲོད་མུ་མཐུད་ངར་ཤུགས་གཅིག་སྒྲིམ་གྱིས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ཀྱིས་ཁེངས་བཞིན་དུ་དཔའ་ངར་ཞུམ་མེད་ཀྱི་སྙིང་རུས་དང་འབད་འཐབ་ཀྱི་སྙིང་སྟོབས་ཐོག་ནས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ལས་ཀ་དང་སློབ་སྦྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཆེད་དོན་དངོས་དང་བྱ་བཟང་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་པ། སྔར་རྒྱུན་བཞིན་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལྷ་སར་གཞི་ཚུགས་ཐུབ་པ་བྱས་ཏེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་གཞི་རྩ་ཕྱོགས་ཡོངས་ནས་བརྟན་པོ་ཡོང་བ་བྱེད་དགོས།