ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེན་པོ་བྱས་པ།

སྤེལ་དུས 2018-02-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ།
—— 2017ལོའི་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་ཀའི་སྐོར་གྱི་སྒྲིལ་གླེང་།
          2017ལོར། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣའི་འདུ་འགོད་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་བཅས་བྱས་པས་ཤེས་ལྡན་མི་སྣའི་ལས་དོན་ལ་གྲུབ་འབྲས་མང་པོ་ཐོབ་པ་དང་སྤྱི་ཡོངས་ལ་སྐུལ་འདེད་ཐེབས་པའི་དགའ་འོས་པའི་རྣམ་པ་ཐོན་ནས་ཤེས་ལྡན་མི་སྣའི་ལེགས་ཆ་ཤེས་པ་དང་། ཤེས་ལྡན་མི་སྣར་དགའ་ཞེན་དང་། བརྩི་བཀུར་བྱེད་པ། བེད་སྤྱོད་བྱེད་པ་བཅས་ཀྱི་དར་སྲོལ་ཞིག་ཆགས་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་ཤེས་ལྡན་མི་སྣའི་བསྡོམས་འབོར་མི་གྲངས་ཁྲི་34.94ཟིན་པ་དང་ཤེས་ལྡན་མི་སྣས་ལེགས་སྐྱེས་འབུལ་ཚད་8.9%ཟིན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེན་པོ་བྱས་ཡོད།
མཁོ་ཆེ་བའི་ཤེས་ལྡན་མི་སྣ་དཀོན་པའི་ཞན་ཆ་གསབ་པ།
          རང་ལྗོངས་ཀྱིས་ཆེད་དོན་བརྟག་ཞིབ་ཧུར་ཐག་བྱས་ནས་ལས་རིགས་ཁག་གི་ཁོངས་གཏོགས་དང་ལྷག་པར་དུ་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་2017ལོའི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལས་ཀའི་འཆར་གཞི་དང་གཙོ་གནད་བཏོན་པ་དང་། སྒོ་ཆེན་པོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ས་མཐོའི་སྤུས་རྟགས་དང་། སྲིད་ཇུས་ཀྱི་ལེགས་ཆ། ཁྱད་ལྡན་སྤུས་རྟགས་བཅས་ཡག་པོ་བཏོད་ནས་བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཡོད། ལོ་གཅིག་རིང་དམིགས་སའི་རང་བཞིན་ལྡན་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་537དང་། མཐོ་སློབ་ཀྱི་དགེ་རྒན་100 རིག་གནས་ཀྱི་ལས་དོན་པ་22བཅས་ནང་འདྲེན་བྱས་པ་དང་། འབྲུ་རིགས་འདེབས་འཛུགས་ཀྱི་དུད་ཆེན་122དང་འདེབས་འཛུགས་དང་གསོ་ཚགས་ཀྱི་ཁེ་ལས་30བོད་དུ་ལས་གཏོད་ལས་དར་བྱེད་པར་ནང་འདྲེན་བྱས་ཡོད།
ས་གནས་དེ་རང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཤུགས་ཆེ་རུ་བཏང་བ།
           རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་དང་། ཚན་རྩལ། སློབ་གསོ་བཅས་འཕེལ་རྒྱས་ཀྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱ་རྒྱུ་དང་། ལྷག་པར་དུ་ནུབ་རྒྱུད་ས་ཁུལ་གྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལ་དམིགས་པ་དང་། རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ལས་སྟེགས་གོ་སྐབས་སུ་འཛིན་ཏེ་ས་གནས་གཞན་ལ་བཏང་ནས་གནས་སྦྱར་སྦྱོང་བརྡར་དང་། ཟབ་སྦྱོང་། གསོ་སྐྱོང་སྦྱོང་བརྡར་སོགས་ཀྱི་ཐབས་ལམ་སྤྱད་དེ་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད། དེ་དང་དུས་མཚུངས་ཀྲུང་དབྱང་གིས་རང་སྐྱོང་ལྗོངས་ལ་རྒྱབ་སྐྱོར་བྱས་པའི་ཤེས་ལྡན་མི་སྣའི་འདུ་འགོད་གལ་ཆེན་ཁག་12དེ་དག་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་བྱང་ཚད་མཐོ་བའི་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། གྲོང་གསེབ་ཏུ་གཏན་འཁེལ་བྱས་པའི་གསོ་རིག་སློབ་མར་སློབ་ཡོན་མི་དགོས་པར་གསོ་སྦྱོང་། “ནུབ་རྒྱུད་འོད་ཟེར”དང“བོད་ལ་དམིགས་བསལ་གསོ་སྦྱོང”སོགས་ཤེས་ལྡན་མི་སྣའི་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད།
ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ།
          རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི《ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་བསམ་འཆར》ལག་ལེན་བསྟར་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་འགྲན་རྩོད་ཀྱི་ནུས་པ་ཅུང་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་ཀྱི་ལམ་སྲོལ་དང་། མི་ཚང་མ་ཤེས་ལྡན་མི་སྣར་འགྱུར་རྒྱུའི་གསོ་སྦྱོང་དང་གདམ་གསེས་ཀྱི་ལམ་སྲོལ། བདེ་བླག་དང་གོ་རིམ་ལྡན་པའི་ཤེས་ལྡན་མི་སྣ་འཁོར་རྒྱུག་གི་ལམ་སྲོལ་བཅས་ཧུར་ཐག་འཛུགས་པ་དང་། ཤེས་ལྡན་མི་སྣར་གདེང་འཇོག་དང་། སྐུལ་ལྕག འགན་ལེན་བཅས་ཀྱི་ལམ་སྲོལ་སོགས་གསར་གཏོད་ཧུར་ཐག་བྱས་པས་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཀྱི“ཀ་བཞི་གདུང་བརྒྱད”རགས་ཙམ་ཆགས་ཡོད། དུས་མཚུངས་རང་སྐྱོང་ལྗོངས་ཀྱི་གོ་མིང་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་གི་བསམ་འཆར་དང་། སྤྱི་ཚོགས་དང་ལས་ཀའི་ཆེད་ལས་ལས་གནས་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་ལྕག་སྐུལ་དང་འགན་ལེན་བསམ་འཆར་སོགས་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་སྲིད་ཇུས་ཁག་12བཟོས་པས་ནུས་པ་དང་གྲུབ་འབྲས་གཙོ་བོར་བྱེད་པའི་མི་སྤྱོད་སྟོན་ཕྱོགས་རགས་ཙམ་ཞིག་ཆགས་ཡོད།