ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བདེན་པ་མཐའ་གསལ། སྤྱོད་གཙང་ཡུན་གནས།

སྤེལ་དུས 2018-02-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ།
—— 2017ལོའི་རང་ལྗོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
          ལོ་གཅིག་རིང་། ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་ངར་ཤུགས་ལ་བརྟེན་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་པའི་ལྟེ་བ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱོད་བཟང་སྒྲིག་ནན་ལ་དམ་འཛིན་དང་ཏང་ནན་པོས་སྐྱོང་བར་མཚམས་འཇོག་མི་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་ནུས་ཤུགས་ཡོད་རྒུས་ཏང་སྲོལ་དང་སྲིད་སྲོལ་ལེགས་སུ་བཏང་ནས་རྒྱལ་ཁ་ཆུང་གྲས་དེ་རྒྱལ་ཁ་ཆེ་གྲས་སུ་ཟམ་མི་ཆད་པར་གྱུར་པར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་རེ་སྒུག་ལ་ལན་ཧུར་ཐག་བཏབ་ཡོད།
རྒྱུན་དུ་དམ་འཛིན་དང་ཞིབ་ཕྲར་དམ་འཛིན་ཡུན་རིང་དམ་འཛིན་བཅས་བྱས་ནས་འབད་འབུངས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ།
          རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་སྤྱོད་ཚུལ་གྱི་གནད་དོན་བཅོས་དཀའ་བ་དང་བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས་ལས་དོན་སྒྲུབ་ཤུགས་ཆུང་དུ་མི་གཏོང་བ་དང་། མྱུར་ཚད་ལ་འགྱུར་ལྡོག་མི་གཏོང་བ། ཚད་གཞི་དམ་འཛིན་བཅས་མཐའ་འཁྱོངས་ཀྱིས“འགག་རྩའི་ཉུང་ཤས”དང་བག་མེད་ལོངས་སྤྱོད་དང་སྐྱིད་འདོད་རིང་ལུགས་ལ་དམ་པོར་དམིགས་པ་དང་། མངོན་མེད་ཐབས་སྒྱུར་གྱི་འཕེལ་ཕྱོགས་གསར་པར་དམ་པོར་དམིགས་ཏེ་མཚམས་ཚིགས་རེ་རེ་ཚང་མར་དམ་འཛིན་གྱིས་རྒྱུན་རྣམ་ཅན་གྱི་ཉེན་ཟོན་དྲན་སྐུལ་དང་། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར། བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སྒྲིག་འཛུགས་བྱས་ནས་གཏན་འཁེལ་མེད་པ་དང་ཕྱོགས་མང་བའི་མངོན་ཞིབ་ལྐོག་འདྲི་ཐེངས་5100ཙམ་བྱས་པ་མ་ཟད། རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཐེངས་300ཙམ་བྱས་ཡོད།
          རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་སྔོན་ལ་འཇོག་པ་མཐའ་འཁྱོངས་དང་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་པའི“འཛིན་སྟངས་བཞི”སྤྱོད་ཚུལ་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྒྲིག་ཁྲིམས་ཞིབ་བཤེར་གྱི་གཙོ་གནད་དུ་བརྩིས་ཏེ“འགག་རྩའི་མཚམས་ཚིགས་གསུམ”མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་ལས་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པ་དང་། སྐོར་གཟིགས་སྐོར་བཤེར་དང་སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི“སྤྱོད་ཚུལ་བཞིའི”གནད་དོན་གྱི་ཁུངས་སྣེ་སྔོན་ལ་ཐག་གཅོད་བྱས་པ་དང་། ཞིབ་བཤེར་བྱ་ཡུལ་གྱི“སྤྱོད་ཚུལ་བཞིའི”གནད་དོན་གནད་དོན་གཞན་གྱི་སྔོན་དུ་ཞིབ་བཤེར་ཐག་གཅོད་དང་བརྡ་ཁྱབ་བཏང་ནས་ཞིབ་བཤེར་གཏིང་ཟབ་བྱེད་པ་ལས་ཐར་པར་གཏན་ནས་བཏང་མེད། 2017ལོར། ལྗོངས་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་106དང་མི་གྲངས་180ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་གྲངས་102ལ་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་གྲངས་78ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ། མིང་བཏོན་བརྡ་ཁྱབ་དང་དམར་རྗེན་དུ་བཏོན་པ་ཁག་92དང་མི་གྲངས་181ཟིན་ཡོད།
ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་བ།
          2017ལོའི་ཟླ་9ཚེས་29ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་པའེ་པིང་སོགས་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་པ་19ཡིས་རྒྱན་འགྱེད་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་དང་དེར་ཞུགས་པའི་སྒྲིག་འགལ་གནད་དོན་ལྗོངས་ཡོངས་སུ་བརྡ་ཁྱབ་བཏང་བ་རེད།
          རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བར་དམིགས་ཏེ་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་དང་རྒྱན་འགྱེད་ངོ་བོའི་རོལ་རྩེད་བྱེད་སྒོར་ཞུགས་པར་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་མཉམ་དུ《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་པ་རྒྱན་འགྱེད་དང་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས“གཏན་འགོག་བརྒྱད”ཀྱི་སྒྲིག་ཁྲིམས་བླང་བྱ་ཁ་གསལ་བཟོས་པ་དང་འབྲེལ། སྒྲིག་ཁྲིམས་ཐད་ཀྱི“གློག་ཆེན”བསྒར་ཡོད། 《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་པ་རྒྱན་འགྱེད་ལ་ཞུགས་པར་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཟོས་ཏེ་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པར་ལམ་ལུགས་ཀྱི་གཞི་འཛིན་ས་བཏོད་ཡོད། སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་དུས་ངེས་མེད་དུ་ཆེད་དོན་ཞིབ་བཤེར་དང་མངོན་ཞིབ་ལྐོག་འདྲི་བྱས་ནས་གནད་དོན་ཤེས་རྟོགས་བྱས་ཏེ་ཡ་མེད་སྒྲིག་འགལ་རིགས་ལ་ཐག་གཅོད་ནན་པོ་བྱས་ཡོད། ལོ་གཅིག་རིང་། ལྗོངས་ཡོངས་སུ་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ལ་ཞུགས་པ་དང་དེ་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་65དང་མི་གྲངས་96ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་མི་གྲངས་71ལ་བཅད་པར་བརྟེན་ནུས་ཟིལ་རྔམ་ཆེན་པོ་ཞིག་ཆགས་ནས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་བྱེད་སྒོར་ཞུགས་པའི་བྱ་ངན་སྤྱོད་ངན་བཀག་འགོག་ཐུབ་ཡོད།
འགན་འཁྲི་རྩད་གཅོད་ཀྱི་མཚོན་ཆ་རྣོན་པོ་མཐོན་པོར་བསྒྲེངས་ནས་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་བྱས་པ།
          2017ལོའི་ཟླ་9ཚེས་22ནས་25ཉིན་བར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་བྲག་ཡིབ་ཆུས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་གནས་ཚུལ་ཐད་བརྟག་ཞིབ་གནང་བར་ཕེབས་ཏེ་སྔ་ས་ནས་གོ་བརྡ་སྤྲོད་པ་དང་། དྲན་སྐུལ་བྱེད་པ། འགན་འཁྲི་ཆེ་རུ་གཏོང་བ། ཉེན་བརྡ་གཏོང་བ་བཅས་བྱས་ཡོད། དུས་ཆེན་གལ་ཆེན་སླེབས་རིམ་བཞིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ཚང་མ་ཐད་ཀར་གཞི་རིམ་དུ་བསྐྱོད་དེ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་ཆབས་ཅིག ངག་སློབ་དཔེ་སྟོན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐད་ཅིག་ཙམ་ཡང་ལྷོད་གཡེང་མི་གཏོང་བ་དང་མཚམས་གཏན་ནས་འཇོག་མི་རུང་བའི་ཉེན་བརྡ་ཤུགས་ཆེན་བཏང་ཡོད།
          རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས 《གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་བདའ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་རྒྱབ་ངོས་ཀྱི་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མི་འདང་བའི་གནད་དོན་ཐད་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་བྱས་པའི་ཁར། འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་ཡང་རྩད་གཅོད་བྱས་ཡོད། སྐོར་གཟིགས་བྱེད་རིང་མཐོ་སློབ་ཞིག་གིས་ཕོགས་སྣོན་དང་ཁ་གསབ་གང་བྱུང་དུ་སྤྲོད་པའི་གནད་དོན་ཤེས་རྟོགས་བྱུང་བར་དམིགས་ཏེ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་འཕྲལ་མར་འགན་འཁྲི་བདའ་འདེད་གཏོང་བའི་ལས་དོན་སྒྲུབ་འགོ་བརྩམས་པ་དང་དུས་མཚུངས། སྐབས་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་སོགས་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཉིས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཡོད། ལོ་གཅིག་རིང་། རང་ལྗོངས་ཀྱིས་དོ་དམ་བྱེད་པའི་ལས་བྱེད་པ་14ཡིས་རང་ཉིད་གནས་སའི་ཚན་པར་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ལག་རྟགས་ཉོ་བ་དང་། སྒྲིག་འགལ་ངང་ཕན་བདེའི་ཕོགས་སྣོན་སྤྲད་པ། གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་སོགས་ཀྱི་གནད་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་ཏན་བྱས་ཡོད།
          2017ལོར། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་བརྟག་དཔྱད་གྲངས་གཞི་ལས་མངོན་པ་ལྟར་ན། རང་ལྗོངས་ཀྱིས་བཅར་འདྲི་བྱས་པའི་ལས་བྱེད་མང་ཚོགས་ཚོས་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་ཆེན་པོ་བྱས་པ་མ་ཟད། ཁ་པར་དུ་བརྟག་དཔྱད་དང་ཡུལ་དངོས་ཀྱི་བརྟག་དཔྱད་བྱས་པར་བློ་ཡིད་ཚིམ་ཚད་98%ལས་བརྒལ་ཡོད་པ་རེད།