ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རྨང་གཞི་བརྟན་པོ་བྱུང་ན་གཞི་ནས་དར་རྒྱས་ཡོང་ཐུབ།

སྤེལ་དུས 2018-02-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། དབྱང་ཙེ་ཡན།
          ལོ་འདི་དག་རིང་རྒྱུན་དུ་བརྗོད་པའི་སྐད་ཆ་ཞིག་ནི“རྨང་གཞི་བརྟན་པོ་མེད་ན་ཐོག་བརྩེགས་ཁང་པ་ལོས་ཀྱིས་ཡོང་མི་སྲིད”ཞེས་པ་དེ་ཡིན།
          སྐད་ཆ་དེ་ཏང་འཛུགས་སྐྱོང་གི་ལས་དོན་ཁྲོད་རྒྱུན་དུ་སྤྱོད་ཀྱི་ཡོད་པ་དང་། ལྷག་པར་དུ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ནུས་པ་ཐོན་མིན་དང་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་བྱུང་མིན་དང་ཐད་ཀར་འབྲེལ་བ་ཡོད། དེས་ན་གང་འདྲ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུཌ་སྐྱོང་གི་ལས་དོན་ཡག་པོ་སྤེལ་དགོས་སམ་ཞེ་ན། སྨྱུག་འཛིན་པར་གཤམ་གྱི་བསམ་གཞིག་འགའ་ཤས་བྱུང་བ་སྟེ།
          གཅིག་ནས་ངོས་འཛིན་མཐོ་རུ་བཏང་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྤེལ་བའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། སྡེ་ཁུལ་ནི་སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་འདྲ་མིན་སྣ་ཚོགས་ཐོན་མང་བའི་ས་ཆ་ཞིག་ཡིན་པ་དང་གྲོང་མིས་ཀྱང་རིམ་བཞིན་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་འདོད་བྱེད་ཀྱི་ཡོད། དེར་བརྟེན་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཞབས་ཞུ་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྡེ་ཁུལ་ཏང་འཛུགས་སྐྱོང་གིས་ངེས་པར་དུ་གང་མགྱོགས་ཞིབ་འཇུག་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་ཞིག་ཡིན།
          གཉིས་ནས་སྡེ་ཁུལ་གྱི“ཏང་འཛུགས་སྐྱོང་ཆེ་མོའི”ལས་ཀའི་རྣམ་པ་བཏོད་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཤིང་། “གོམ་སྟབས་གཅིག་མཚུངས་ངང་འཛུགས་སྐྲུན་དང་། གཏོགས་ཁོངས་གཙོ་བོར་བྱེད་པའི”རྩ་དོན་ལ་གཞིགས་ནས་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་དུས་མཚུངས། ཏང་ཞུགས་ཧུར་བརྩོན་ཅན་གྱི་སློབ་གསོ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་མང་དུ་གཏོང་བའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཆ་རྐྱེན་གཏོད་དགོས།
          གསུམ་ནས་ཐབས་ལམ་རྒྱ་ཆེར་བཏང་ནས་སྣ་མང་ཅན་གྱི་སྡེ་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་མ་འཇོག་ལམ་སྲོལ་འཛུགས་དགོས་ཤིང་། ཕྱོགས་ཁག་གི་མ་དངུལ་གསོག་འཇོག་དང་མ་འཇོག་བྱ་ཤུགས་ཆེ་རུ་བཏང་ནས་སྡེ་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་དང་ཞབས་ཞུའི་ཁོར་ཡུག་རིམ་བཞིན་ལེགས་སུ་གཏོང་དགོས། སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གིས་གྲོང་ཁྱེར་སྡེ་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
          བཞི་ནས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མཉམ་སྡོད་མཉམ་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་ཤིང་། ཁྲོམ་གཞུང་དང་སྡེ་ཁུལ་གྱིས་རང་འགུལ་ངང་ཁུལ་དེར་བཅའ་སྡོད་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཧུར་ཐག་སྤེལ་ཏེ། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་སྡེ་ཁུལ་གྱི་ཚན་པའི་ཏང་འཛུགས་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྡེ་ཁུལ་གྱི་ཚན་པའི་ཏང་ཡོན་སྡེ་ཁུལ་ཏང་འཛུགས་སྐྱོང་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ནུས་ལྡན་ངང་སྐུལ་སྤེལ་བྱེད་དགོས།