ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

སྤེལ་དུས 2018-02-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
བོད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།
          གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་འགག་རྩ་དེ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སྔོན་ཚུད་གནས་བབ་ཐོག་བཞག་ནས་དེ་བས་ནུས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
          ཏང་གིས་གྲོང་གསེབ་ལ་དོ་དམ་བྱ་རྒྱུ་དེ་ནི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བཞག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཕྱོགས་ཡོངས་ནས་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དེ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”གྱི་རྩ་བའི་བྱེད་ཐབས་དེ་ཐག་གཅོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་པར་བརྟེན་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ། དབུལ་སྒྲོལ་འགག་སྒྲོལ། “ཞིང་གསུམ”ལས་དོན་བཅས་ལག་བསྟར་ཤུགས་ཆེན་བྱ་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་དེ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་རྩ་བའི་འགན་ལེན་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད།
          གྲོང་གསེབ་དར་རྒྱས་ནི་མ་དངུལ་གཏོང་དགོས་པའི་འཐབ་ཇུས་ཆེན་པོ་ཞིག་ཡིན་པས། མ་འཇོག་འགན་ལེན་བྱ་རྒྱུར་ངེས་པར་དུ་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་ཀྱིས་སྔོན་ཚུད་ནས་འགན་ལེན་དང་། དངུལ་རྩས་གཙོ་གནད་ཐོག་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་སྣ་མང་མ་འཇོག་གི་རྣམ་པ་མགྱོགས་མྱུར་ཆགས་པར་བྱེད་དགོས། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས“ཞིང་གསུམ”ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ནོར་སྲིད་གཏོང་སྒོའི་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་རྩའི་སྡེ་ཚན་གྱིས་དེ་བས་མང་བའི་དངུལ་རྩའི་ཐོན་ཁུངས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་བཏང་སྟེ་དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་ཀྱི་འགན་བཅོལ་ཐོན་རྫས་གསར་གཏོད་ཧུར་ཐག་དང་ཞིང་འབྲོག་ལས་ཀྱི་འགན་བཅོལ་ཉེན་ཁ་ཁ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་དགོས། མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བ་བྱས་ནས་དེ་བས་མང་པའི་བཟོ་ཚོང་གི་མ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།
          གྲོང་གསེབ་དར་རྒྱས་གཏོང་བར་ཞིང་འབྲོག་ལས་ཤེས་མཁན་དང་། ཞིང་འབྲོག་ཁུལ་ལ་དགའ་མཁན། ཞིང་འབྲོག་མང་ཚོགས་ལ་དགའ་མཁན་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་ལས་དོན་དཔུང་ཁག་གཅིག་གཏོད་དགོས། “ཞིང་གསུམ”ལས་བྱེད་པ་གསོ་སྐྱོང་དང་། བཀོད་སྒྲིག དོ་དམ། བེད་སྤྱོད་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ“ཞིང་གསུམ”ལས་བྱེད་པར་གཟིགས་སྐྱོང་དང་བྱམས་སྐྱོང་བྱས་ཏེ་ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱས་ནས་ཁོང་ཚོའི་ལུས་སེམས་གཉིས་ཀ་ལས་ཀའི་ཐོག་གནས་ཐུབ་པ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་གནད་དོན་ཁ་གསལ་མཐིལ་རྟོགས་ཐུབ་པ་བྱས་ནས་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་ལས་སྒྲུབ་ལ་སྐུལ་ལྕག་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དོ་དམ་ནན་པོ་དང་བྱམས་སྐྱོང་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་འགན་འཁུར་ཕོད་མཁན་དང་། ལས་དོན་ཏན་ཏིག་སྒྲུབ་མཁན། སྒེར་སེམས་མེད་པར“ཞིང་གསུམ”ལས་དོན་སྒྲུབ་མཁན་བཅས་ཀྱི་ལས་བྱེད་པར་རྒྱབ་རྩ་དང་སྐུལ་ལྕག་བྱེད་དགོས།