ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དཔལ་འབྱོར་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2018-03-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་སྐོར་གླེང་བ།
          རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ལས་འགན་ཨང་དང་པོར་བརྩི་བ་དང་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཧུར་ཐག་སྐྱོད་དགོས་ཞེས་གསུངས།
          “མིག་སྔར་རང་ལྗོངས་སུ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་བལྟོས་བཅས་ཀྱིས་ལེགས་སུ་འགྲོ་བའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད། ད་ལྟ་གཙོ་བོ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཐོན་ལས་ཀྱི་བར་མཐོངས་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་དཔལ་འབྱོར་གཞན་སྒྱུར་མགྱོགས་པོ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ལེགས་དང་ཕན་ཆེའི་སྒོ་ནས་འཕེལ་རྒྱས་ཇི་ལྟར་ཡོང་བར་བྱེད་དགོས་པའི་ཐད་བསམ་གཞིག་བྱེད་དགོས”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས། རང་ལྗོངས་ཀྱི་དཔལ་འབྱོར་ལོ་25བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ལྷ་སས་སྣེ་འདྲེན་བྱས་པའི་བོད་དབུས་ཀྱི་དཔལ་འབྱོར་ཁུལ་ཞིག་གཞི་རྩའི་ཆར་ཆགས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་ལ་ཁྱབ་ཡོད། འོན་ཀྱང་བལྟོས་བཅས་ཀྱིས་བརྗོད་ན། ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་ས་ཁུལ་འཕེལ་རྒྱས་འགྲོ་འགོར་ཙམ་ཡོད་ཅེས་གསུངས།
          དེའི་ཐད་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་བྱང་ཐང་ས་ཁུལ་གྱི་ཐོན་ལས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་ལྷག་པར་དུ་ཡུལ་སྐོར་ཐོན་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱེད་རིན་ཆེན་པོ་ཡོད་པ་རེད་ཅེས་གསུངས།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་སྒོར་སྒོར་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀུན་གྲགས་ཆོས་དབང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་སྐྱོད་དགོས་ཞེས་གསུངས།
          སྒོར་སྒོར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ལྷ་སས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། གཅིག་ནས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་རྫོང་ཁོངས་ཀྱི་ཐོན་ལས་བཀོད་པ་ལེགས་སུ་གཏོང་བ་དང་ཐོན་རྫས་དང་ཐོན་ལས་ཀྱི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་སྟེ་ས་གཙང་བདེ་ཐང་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཕན་ཆེ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་འདི་ལོ་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སོ་སོར་15%དང་20%འཕར་རྒྱུའི་བརྩོན་ལེན་བྱེད་དགོས། གསུམ་ནས་གླིང་ཁུལ་གྱི་དཔལ་འབྱོར་དང་ཐོན་ལས་གཞན་དག་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དཔལ་འབྱོར་གསར་སྤེལ་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་གསུངས།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབང་འདུས་ཀྱིས། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་133.31ལེགས་སྒྲུབ་བྱས་ནས་10.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་26946ཟིན་ནས་10.2%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13407ཟིན་ནས་13.5%འཕར་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བ་མཐོ་བ་དང་། སྤུས་ཀ་དེ་བས་ལེགས་པ། རྟིང་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས།
          དབང་འདུས་ཀྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཉིང་ཁྲིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་། གྲོང་གསེབ། མཐའ་མཚམས་བཅས་སྤྱི་འདོམས་འཕེལ་རྒྱས་ལ་ཤུགས་རྒྱག་དགོས་ཞེས་གསུངས།