ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རྩ་ཁྲིམས་བཟོ་བཅོས་རྒྱག་པའི་དོན་སྙིང་འགངས་ཆེན་སྐོར་གྱི་གླེང་ཐེངས་གཉིས་པ།

སྤེལ་དུས 2018-03-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་ངང་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་པ།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འདེམས་ཤོག་གི་གྲངས་ཚད་མང་པོའི་ཐོག་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད། གྲུབ་འབྲས་དེ་ཐོག་ནས་ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་ངང་གཅིག་གྱུར་ཡོང་བ་བྱ་རྒྱུ་གང་ལེགས་མཚོན་པ་དང་། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ནུས་ལྡན་གཅིག་གྱུར་མཚོན་པ་དེས་རྩ་ཁྲིམས་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་ཡོང་བར་སྐུལ་མ་ཐེབས་ནས་དུས་རབས་གསར་པར“རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག”གི་གཞི་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཐུབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་རྒྱ་ཆེན་དང་སྒྲིག་འཛུགས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་ཕྱིར་འབད་འཐབ་ལྷོད་མེད་བྱ་ཆེད་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
           ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་དགོས་མཁོ་དང་འདོད་འདུན་གང་ལེགས་མཚོན་པ་དང་། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་ནན་པོར་གཞིགས་པ་ནི་ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་ངང་གཅིག་གྱུར་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལ་སྐུལ་འདེད་གཏོང་བའི་གསར་གཏོད་གལ་ཆེན་ཞིག་ཀྱང་ཡིན་པ་དེ་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་གང་ལེགས་མཚོན་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་བཞིན་སྲིད་སྐྱོང་བའི་འགྱུར་མེད་ཆོད་སེམས་མཐའ་འཁྱོངས་བྱེད་པའང་གང་ལེགས་མཚོན་ཡོད་པ་རེད།
           ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་ལ་ཕབ་པ་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་བསྟར་བ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཟི་རྔམ་སྲུང་བ་དང་དུས་མཚུངས་རྩ་ཁྲིམས་ཀྱིས་ཀྱང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་ཕྱིར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཅུག་པ་དང་ལྷག་དོན་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ནས། “ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩའི་ངོ་བོའི་ཁྱད་ཆོས་ཡིན་པ”རྩ་ཁྲིམས་ཀྱི་སྤྱིའི་རྩ་འཛིན་གྱི་དོན་ཚན་དང་པོར་བཀོད་པ་དེས་མི་དམངས་ཡོངས་ཀྱི་ཁྲོད་ཏང་གིས་འགོ་ཁྲིད་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་འགྲོ་རྒྱུ་མ་ཟད། ཏང་གིས་འགོ་ཁྲིད་བྱེད་པ་དེ་རྒྱལ་ཁབ་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཐད་དོན་འཁྱོལ་ཐུབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་བགྲོད་ལམ་ཡང་དག་ཐོག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་འགན་ལེན་ཐུབ་ངེས་རེད།
           མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་མི་དམངས་ལ་རང་ཁྱིམ་རང་བདག་ཡོང་བར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་རྒྱལ་སྲིད་སྐྱོང་བའི་ཕྱོགས་གང་སར་མི་དམངས་ཀྱི་རང་ཁྱིམ་རང་བདག་ཞིབ་ཕྲ་དང་དངོས་སུ་མཚོན་པར་བྱེད་པ་ཞིག་རེད། ཁྲིམས་ལ་ནན་པོར་གཞིགས་ནས་གོ་རིམ་ལྟར་བྱ་བ་སྒྲུབ་པ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་རྩ་ཁྲིམས་བཟོ་བཅོས་ཀྱི་བརྒྱུད་རིམ་ཡིན་ནའང་འདྲ། ཡང་ན་ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས། འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ལུགས། ས་གནས་ཁྲིམས་བཟོའི་ལམ་ལུགས། ལྟ་ཞིབ་ལམ་ལུགས་སོགས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལམ་ལུགས་ཇུས་འགོད་བྱེད་པ་གང་གི་ཐད་ནས་ཀྱང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་གང་ལེགས་མངོན་ནས་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་གཞི་རྩའི་ཁེ་ཕན་མཚོན་པར་བརྟེན་ལ་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།
           སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་ངེས་པར་དུ་ཏང་གིས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་དགོས་ལ། ཏང་གིས་འགོ་ཁྲིད་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་རྟེན་དགོས། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ཐད་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོའི་ཁྲིམས་བཟོ། ཁྲིམས་བཞིན་ཁྲིམས་བཟོ་བཅས་ཀྱི་བླང་བྱ་ལག་ལེན་བསྟར་བ་མ་ཟད། ཆབ་སྲིད་དང་། སྤྱི་ཡོངས། འཐབ་ཇུས་བཅས་ཀྱི་ཐད་ནས་གནད་དོན་ཐག་གཅོད་ཀྱི་ལྟ་ཞིབ་ལ་གཙིགས་ཆེན་དང་། རྩ་ཁྲིམས་འཐུས་ཚང་དུ་གཏོང་བའི་དོན་དངོས་ཆོས་ཉིད་དང་ངོ་བོ་ཉིད་ཀྱི་བླང་བྱའི་ཐོག་ནས་གནད་དོན་ཐག་གཅོད་ལ་བསམ་གཞིག་བྱ་རྒྱུར་གཙིགས་ཆེན་བྱེད་པ། རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱེད་པ་བཅས་ནི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་འབྱོར་བའི་གློག་འཕྲིན།