དམངས་ཕན་གྱི་དཔྱིད་རླུང་ལྷ་ལྡན་གྲོང་དུ་ལྡང་།
སྤེལ་དུས 2018-04-11
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་ལས་དོན་སྐོར་གྱི་སྒྲིལ་གླེང་།
གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཞིང་འབྲོག་པ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་མཁན་ཁག་གཅིག་ཡོད་དེ། ཁོང་ཚོའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད་ལ། ཁོང་ཚོས་དཀའ་ངལ་དང་ཉེན་ཁར་མི་སྐྲག་པར་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་པས་མང་ཚོགས་ཀྱི་བརྩི་བཀུར་ཆེན་པོ་ཐོབ་ཡོད།
ཁོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་ཡིན། སྔར་ནས་ད་བར་ཁོང་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱས་པར་མི་རིགས་ཁག་གི་མང་ཚོགས་ཚོའི་བསྔགས་བརྗོད་དང་ལྷད་མེད་ཀྱི་བརྩི་བཀུར་ཐོབ་ཡོད།
རེས་མོས་བརྗེ་རེས་ཀྱི་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱས་ཏེ་གྲོང་སྡོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་པ།
གྲོང་སྡོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་སྡོད་ཀྱི་བཀོད་སྒྲིག་གནད་སྨིན་ལེགས་སྒྲིག་གི་སྤྱིའི་བླང་བྱ་ནན་ཏན་ངང་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་རྫོང་ཁག་གི་ལས་ཁུངས་ཀྱི་གྲོང་སྡོད་བྱ་ཡུལ་ལེགས་སྒྲིག་བྱས་པ། ཤིན་ཏུ་དབུལ་པོའི་རྫོང་གི་གྲོང་ཚོ་དབུལ་པོ་དང་དབུལ་སྒྲོལ་བྱེད་དཀའ་བའི་གྲོང་ཚོ་དབུལ་པོ་སོགས་གཙོ་གནད་གྲོང་ཚོའི་གྲོང་སྡོད་ལས་དོན་གྱི་སྟོབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་བས་གནད་སྨིན་རང་བཞིན་ཆེ་རུ་ཕྱིན་ཡོད།
ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གི་འགན་འཁུར་བས“ང་ཚོས‘གཏོགས་ཁོངས་དོ་དམ་དང་རིམ་དབྱེའི་གསོ་སྦྱོང’དང་གང་མེད་པ་དེ་གསབ་པའི’རྩ་དོན་ལ་ནན་ཏན་ངང་གཞིགས་ནས་ཁག་བདུན་པའི་གྲོང་སྡོད་ལས་བྱེད་པར་ལས་གནས་ཐོག་མ་ཞུགས་གོང་གི་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་འཛིན་གྲྭ་ཐེངས་12གཉེར་ནས་མི་ཐེངས་600ལྷག་ཙམ་ལ་གསོ་སྦྱོང་བྱས་པས་གྲོང་སྡོད་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་ཕྱིན་ཡོད་ཅེས་བཤད།
ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་སྡོད་ལས་དོན་ཏན་ཏིག་ངང་སྤེལ་རྒྱུ་འགན་ལེན་བྱས་པ།
གྲོང་སྡོད་བྱས་ཚུན་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལས་འགན་དོན་འཁྱོལ་བྱ་རྒྱུ་མངོན་གསལ་དོད་དུ་བཏང་སྟེ་གྲོང་སྡོད་ལས་དོན་ཏན་ཏིན་ངང་སྤེལ་བའི་འགན་ལེན་བྱས་པ་རེད།
—— བརྟག་དཔྱད་མཐིལ་རྟོགས་གཏིང་ཟབ་བྱས་པས་བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་ཆགས་ཤིང་། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ལ་བརྒྱབ་ཀླུང་བརྒལ་གྱིས་ཞིང་དུད་དང་། རྩྭ་ཐང་། འབྲོག་ར་བཅས་སུ་སྐྱོད་དེ་ཞིང་འབྲོག་པའི་ཁྱིམ་ཚང་གི་ཁོངས་མི་དང་། ཞིང་འབྲོག་ནགས་དང་ཞོར་ལས་ཀྱི་ཡོང་འབབ། ཐོན་སྐྱེད་རྒྱུ་ཆ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གནས་ཚུལ། ངལ་རྩོལ་རྩལ་ནུས་ལྡན་མིན་སོགས་ཀྱི་གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)མང་ཚོགས་ཀྱི་གདིང་གཞི་དང་གནས་ཚུལ་གསལ་རྟོགས་བྱས་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་དང་། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། ཤང་གྲོང་གི་ལས་བྱེད་པ་བཅས་དང་བཞུགས་མོལ་ཧུར་ཐག་བྱས་ནས་གྲོང་ཚོའི་རྣམ་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
—— ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)དོན་དངོས་དང་བརྟག་དཔྱད་མཐིལ་རྟོགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་ཀྱི་ཇུས་གཞི་ནན་ཏན་ངང་བཟོས་པ། ཚོགས་ཆེན་འཚོགས་པ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་བརྒྱུད་བསྒྲགས་བྱས་ཏེ་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མས་ཤེས་པར་བྱས་ཡོད།
—— གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་དེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དང་ལས་འགན་གལ་ཆེན་དུ་བརྩིས་ཏེ་དབུལ་སྐྱོར་གྱི་དཔྱད་གཞི་དང་རྣམ་གྲངས་རྩིས་སྤྲོད་ལས་ཀ་ཧུར་ཐག་ངང་ཡག་པོ་སྒྲུབ་པ་དང་། བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)དབུལ་སྐྱོར་ལས་དོན་སྤེལ་ཚུལ་ཤེས་རྟོགས་དང་ཁོང་དུ་ཞིབ་ཕྲ་ཆུད་པ་བྱས་ནས་གྲོང་ཚོར(གྲོང་ལྷན)གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།
རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་བྱས་ཏེ་གྲོང་སྡོད་ལས་དོན་ལ་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱས་པ།
ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གི་འགན་འཁུར་བས་ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་དེ་སྔོན་ལ་བཞག་ནས། 《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་བྱེད་པའི་དགོངས་ཞུ་དང་དགོངས་དུས་ཐིམ་པའི་སྙན་སེང་ལམ་ལུགས》དང《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་སློབ་སྦྱོང་ལམ་ལུགས》 《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་ཡིག་ཆ་གཏོང་ལེན་དོ་དམ་ལམ་ལུགས》བཅས་སྔ་རྗེས་སུ་བཟོས་ཏེ་གྲོང་སྡོད་ལས་བྱེད་པའི་སློབ་སྦྱོང་ལ་ཤུགས་སྣོན་དང་སྒྲིག་ཁྲིམས་སྲུང་རྒྱུར་ཁྲིད་སྟོན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་བོད་རྒྱ“ཡིག་རིགས་གཉིས”ཀྱི་དྲིལ་བསྒྲགས་གནད་བསྡུས་དང《ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་གནད་སྨིན་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 དེ་བཞིན་ཚོགས་འདུའི་དགོངས་དོན་གཙོ་བོའི་ཕྱོགས་སྒྲིག་ལག་དེབ་གཞན་དག་བཟོས་ནས་འཕྲལ་མ་ཉིད་དུ་གྲོང་སྡོད་ལས་དོན་རུ་ཁག་ཁག་ལ་སྤྲད་དེ་གྲོང་སྡོད་ལས་དོན་རུ་ཁག་གིས་རྨང་བརྟན་དམངས་ཕན་གྱི་ལས་ཀའི་འགྲོ་གྲོན་སྤྱོད་སྟངས་སོགས་ཀྱི་སྲིད་ཇུས་སློབ་སྦྱོང་དང་ཁོང་དུ་ཆུད་དུ་བཅུག་པས་སློབ་སྦྱོང་བྱེད་པར་དཔྱད་གཞི་ཡོད་པ་དང་དྲིལ་བསྒྲགས་བྱེད་པར་གནད་བསྡུས་ཡོད་པའི་འགན་ལེན་ཐུབ་ཡོད་པ་རེད།