ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གཞི་རིམ་གྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཕྱར་བ་གྲུ་འདེགས་ཀྱིས་སྐྲུན་དགོས།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བཀྲ་ཤིས་དོན་གྲུབ།
             ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་པའི་རྨང་གཞི་ཡིན། གཞི་རིམ་ཏང་རྩ་འཛུགས་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་མཁན་གྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད། དེ་ཐོག་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལས་དོན་ཡག་པོ་སྤེལ་རྒྱུའི་གལ་ཆེན་རང་བཞིན་གསལ་བཤད་གང་ལེགས་ཐུབ་ལ་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་ཡག་པོ་སྤེལ་རྒྱུའི་གལ་ཆེན་རང་བཞིན་ཡང་མངོན་ཡོད།
            དུས་རབས་གསར་པའི་གྲོང་སྡོད་ལས་དོན་ལ་མཚོན་ན། གཞི་རིམ་ལ་གཞི་ཚུགས་པའི་ཁར། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཚོའི་རྩ་འཛུགས་དེ་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
            གཅིག་ནས་སྤྱོད་ཚུལ་ལེགས་སུ་དང་གཟུགས་བརྙན་གསར་གཏོད་བྱས་ནས་ལས་དོན་ཏན་ཏིག་སྤེལ་དགོས་ཤིང་། གྲོང་སྡོད་ལས་དོན་སྤེལ་རིང་། གྲོང་སྡོད་ལས་བྱེད་པས་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཧུར་ཐག་གཏོང་བ་དང་། གྲོང་སྡོད་ལས་འགན་བློ་ལ་བརྟན་པོར་འཆང་བ། སྒྲུབ་རིང་སྦྱོང་རྒྱུ་དང་སྦྱོང་རིང་བསྒྲུབ་རྒྱུ་མཐའ་འཁྱོངས། དམ་པ་དོན་གཉེར། དངོས་ཐོག་བདེན་འཚོལ། རང་འགུལ་ངང་ལས་དོན་སྒྲུབ་པ། དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་སྐྱོད་བཅས་བྱས་ནས་གྲོང་སྡོད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ལ་གྲོང་སྡོད་ལས་དོན་གྱི་འགན་འཁྲི་ཡང་ཧུར་ཐག་སྒྲུབ་དགོས།
གཉིས་ནས་གཞི་རིམ་ལ་གཞི་ཚུགས་ཏེ་མང་ཚོགས་ལ་བྱ་བ་དངོས་མ་ཙམ་སྒྲུབ་རོགས་དང་དཀའ་ངལ་དངོས་སེལ་རོགས་བྱེད་དགོས་ཤིང་། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཙིག་ཏུ་སྒྲིལ་ཏེ་གྲོང་སྡོད་ལས་དོན་ཡག་པོ་སྤེལ་བ་དང་ཆབས་ཅིག མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་དད་སེམས་ཀྱང་སྔར་བས་བརྟན་དུ་གཏོང་དགོས།