དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཏང་འཛུགས་སྐྱོང་གི“དབང་རྩའི་མཇུག་སྣེ”དམ་པོར་བཟུང་དགོས།

སྤེལ་དུས 2020-03-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགག་རྩ་གཞི་རིམ་ལ་ཐུག་ཡོད། གཞི་རིམ་ཏང་རྩ་འཛུགས་ནི“ཏང་གི་དབང་རྩའི་མཇུག་སྣེ”ལྟ་བུ་ཡིན། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཁྲོད་ལྷག་པའི་ཉམས་ཞན་ལྷུ་ཚིགས་དང་དོན་དངོས་ཀྱི་གནད་དོན་གཏིང་ཟབ་བསལ་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་སྔར་བས་ཤུགས་ཆེར་གཏོང་བ་དེ་ཏང་འཛུགས་སྐྱོང་གི་ལས་དོན་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་དང་མཉམ་འདྲེས་གཏིང་ཟབ་ཇི་ལྟར་བྱེད་དགོས་སམ་ཞེ་ན། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་གྱི“དབང་རྩའི་མཇུག་སྣེར”དམ་འཛིན་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་སྐས་རིམ་དུ་སླེབས་པ་དང་ཆུ་ཚད་མཐོ་རུ་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་དགོས།
          ཏང་འཛུཌ་སྐྱོང་གི་འགན་འཁྲི་དོན་འཁྱོལ“རྒྱུན་རྣམ་ཅན”ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར“ཏང་འཛུགས་སྐྱོང་དམ་འཛིན་ལེགས་པོ་བྱེད་པ་ནི་སྲིད་འཛིན་གྱི་བྱས་རྗེས་ཆེ་ཤོས་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་དགོས་པའི་ཁྲིད་སྟོན་བྱེད་པ། ལྗོངས་ཨུད་རྒྱུན་ལས་ཨུ་ལྷན་གྱིས་དུས་བཀག་ལྟར་ཏང་འཛུགས་སྐྱོང་ལས་དོན་གྱི་དོན་འཁྱོལ་གནས་ཚུལ་གསན་པ་དང་། ལས་དོན་གྱི་ཐབས་ལམ་ཞིབ་འཇུག་བྱས་ནས་བཟོས་ཏེ། རིམ་པ་བཞིན་འགན་འཁྲི་ཁ་གསལ་འདོན་པ་དང་ཁུར་པོ་ལྕི་རུ་བཏང་ནས། ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་འགན་འཁྲི་དམ་བཟུང་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། ལྟ་སྐུལ་བྱེད་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས།
          ལས་རིགས་ཁྱབ་ཁོངས་ཀྱི་ལས་དོན“གནད་སྨིན་ཅན”དུ་སྐུལ་འདེད་གཏོང་དགོས། ཤང(ཁྲོམ་ཞུང)དང་། གྲོང་ཚོ(སྡེ་ཁུལ) ལྗོངས་ཐད་གཏོགས་ལས་ཁུངས། གསར་གཉིས་རྩ་འཛུགས་སོགས་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོ་བ། ལས་དོན་གྱི་འགན་སྲུང་ཤུགས་ཆེར་གཏོང་བ། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཐབས་ལམ་གསར་པ་དང་ཐབས་ཤེས་གསར་པ་འཚོལ་ཞིབ་དང་གསར་གཏོད་བཅས་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཆ་སྙོམས་ཅན་དང་ལེབ་སྙོམས་ཅན་དུ་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
          ཏང་འཛུགས་སྐྱོང་ལས་དོན་གྱི་གཞི་རྟེན“ཤེས་རབ་ཅན”དུ་སྐུལ་འདེད་གཏོང་དགོས། “ཤེས་རབ་ཅན”གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ལ་བརྟེན་ནས། ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་ཁག་སྡེབ་སྒྲིག་གང་ལེགས་བྱས་ཏེ། བྱེད་སྒོའི་ལྟེ་གནས་མཉམ་དུ་སྤྱོད་པ་དང་། བྱེད་སྒོ་མཉམ་སྤེལ་སྒྲིག་འཛུགས། ཞབས་འདེགས་ཀྱི་དོན་དག་མཉམ་དུ་སྒྲུབ་པ་བཅས་ཀྱི་ས་ཁོངས་ཅན་གྱི་རྣམ་པ་ཆགས་པར་བྱེད་དགོས།
          ཏང་འཛུགས་སྐྱོང་གི་སྤུས་རྟགས“དཔེ་མཚོན་ཁུལ”དུ་གཏོད་དགོས་པ། ལྟེ་བའི་གྲོང་ཁུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་དང་། ཤེས་རབ་ཅན་གྱི་ཏང་འཛུགས་སྐྱོང་། སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་སོགས་ཀྱི་ནང་དོན་ལ་བརྟེན་ནས། ཏང་འཛུགས་སྐྱོང་གི་སྤུས་རྟགས“དཔེ་མཚོན་ཁུལ”དུ་གཏོད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་གང་ལེགས་འདོན་པ་དང་། ཁྲེང་ཀོན་ཆུས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་རིམ་སྤར་ལ་སྐུལ་འདེད་གཏོང་དགོས།