དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོཌ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

སྤེལ་དུས 2020-03-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྤུས་རྟགས་ལམ་ཐིག་ཟམ་མི་ཆད་པར་གཏོད་པ་དང་བོད་དུ་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས། ཞིང་འབྲོག་པ་དེ་བས་མང་བ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཐུབ་ཡོད། ཡིན་ནའང་ཡུལ་སྐོར་རྣམ་གྲངས་གྲབས་གསོག་བྱེད་ཤུགས་མི་འདང་བ་དང་། ཡུལ་སྐོར་ཐོན་རྫས་གསར་སྤེལ་གྱི་བཀྲག་མདངས་འཚེར་ས་ཉུང་བ། དྲིལ་བསྒྲགས་དང་སྤུས་རྟགས་འཛུགས་སྐྱོང་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ལས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོས་ཡོད། སྨྱུག་འཛིན་པས་གནད་དོན་དེ་ཐག་གཅོད་བྱེད་པར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་གཏོད་གོ་སྐབས་སུ་བྱས་ནས་གསར་གཏོད་རང་བཞིན་གྱི་རིག་གནས་དང་ཡུལ་སྐོར་སྟོབས་ཆེན་གྲོང་ཁྱེར་བསྐྲུན་མགྱོགས་སུ་གཏོང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
          2020ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་འགོ་བཙུགས་ནས། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་དེ་སྒོ་འཛིན་དཔལ་འབྱོར་ནས་ཐོན་ལས་དཔལ་འབྱོར་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་དེ་ལྟ་སྐོར་བྱེད་པ་ཙམ་ནས་ལྟ་སྐོར་དང་། སྤྲོ་གསེང་། དགུང་གསེང་བཅས་མཉམ་འདུས་སུ་སྒྱུར་བ། ཡུལ་སྐོར་ཐོན་ལས་གྲངས་འབོར་འཕར་བ་ཙམ་ནས་སྤུས་ཚད་དང་ཕན་འབྲས་གཉིས་ལྡན་ཕྱོགས་སུ་སྒྱུར་བ་བཅས་བྱེད་དགོས་པ་དང་། སྤུས་རྟགས་ཅན་དང་རྒྱལ་སྤྱི་ཅན་གྱི་དམིགས་ཚད་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་ཐོན་རྫས་སྤུས་རྟགས་བཏོད་དེ་མཛེས་ལྗོངས་ཁུལ་དང་། ལམ་ཐིག ལས་རྣམ། ཚོང་ཟོག ཁེ་ལས་སོགས་ཁྱབ་ཁོངས་དང་རྣམ་གྲངས་ཀྱི་སྤུས་ཚད་ལེགས་སུ་བཏང་སྟེ། ཡུལ་སྐོར་ཐོན་རྫས་སྤུས་དག་གི་མཛེས་ལྗོངས་ཁུལ་དང་ཐོན་རྫས་རྩེ་གྲའི་ལམ་ཐིག གསར་དར་ལས་རྣམ། ཁྱད་ལྡན་ཐོན་རྫས། སྣེ་འདྲེན་ཁེ་ལས་བཅས་ཁག་གཅིག་གཏོད་དགོས།
          མཛེས་ལྗོངས་ཁུལ་གྱི་རིག་གནས་བསམ་བཀོད་ཐོན་རྫས་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མིག་སྔར། ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཀྱི་རྨང་གཞི་ཟབ་པའི་མཛེས་ལྗོངས་ཁུལ་ཁག་གཅིག་གི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་བྱེད་ཤུགས་མི་འདང་བས་ཡུལ་སྐོར་བའི་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ལ། མཛེས་ལྗོངས་ཁུལ་གྱི་འབབ་འཕར་ལའང་ཤུགས་རྐྱེན་ཐེབས་པས། ཁྲོམ་རའི་བརྟག་ཞིབ་ལས་དོན་གཏིང་ཟབ་སྤེལ་ཏེ། བསམ་བཀོད་ཀྱི་ཆུ་ཚད་མཐོ་བ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་བཟོ་རྩལ་དང་དྲན་རྟེན་ཐོན་རྫས་གཏོད་པ་དང་། རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་བདེན་དཔང་ར་སྤྲོད་དང་གྲགས་ཅན་ཚོང་རྟགས་ཐོབ་པའི་ཡུལ་སྐོར་ཞིང་ཞོར་ཁྱད་ལྡན་ཐོན་རྫས། དེང་རབས་ཁྲོམ་རའི་དགོས་མཁོ་སྐོང་བའི་ཡུལ་སྐོར་འཚོ་བའི་མཁོ་ཆས། རྒྱལ་ནང་དུ་རྩེ་གྲ་དང་སྤུས་ཚད་ལྡན་པའི་ཡུལ་སྐོར་སྒྲིག་ཆས་ཐོན་རྫས་སོགས་ལ་བརྟེན་ནས་ཡུལ་སྐོར་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བ་དང་འབྲེལ་ས་གནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྣེ་ཁྲིད་དགོས།