དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆ་སེལ་ཚེ་གཞི་ནས་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ།

སྤེལ་དུས 2020-03-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཇི་ལྟར་བྱས་ཏེ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད།
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཞིབ་བཤེར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“རང་སྐྱོང་ལྗོངས་ཀྱིས་འགན་འཁྲི་གཙོ་བོ་འཁུར་བ་དང་། གྲོང་ཁྱེར་དང་ས་ཁུལ་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང(ཆུས)ཀྱིས་དོན་འཁྱོལ་བྱེད་པ། ཤང་དང་གྲོང་རྡལ་གྱིས་ཆེད་དོན་སྒྲུབ་པའི”དོ་དམ་གྱི་སྒྲིག་སྲོལ་དང་། “གྲོང་ཚོར་ལས་དོན་སྒྲུབ་པ་དང་དུད་ཚང་ལ་དབུལ་སྐྱོར་བྱེད་པའི”ལས་ཀའི་ལམ་སྲོལ། “རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པའི”བླང་བྱ་བཅས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དང་། ཞིབ་ཕྲའི་འགན་འཁྲི། དོན་འཁྱོལ་གྱི་འགན་འཁྲི། དེ་བཞིན“འགན་འཁུར་བ་ཨང་དང་པོའི་འགན་འཁྲི”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”བཅས་ཀྱི་འགན་འཁྲི་ནན་དུ་བཏང་སྟེ་རང་འགན་རང་འཁུར་དང་། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་སྒོ་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དམིགས་ཚད་དང་ཚད་གཞི་སྔར་བས་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ། སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་ལས་ཀའི་བྱེད་ཐབས་ལ་བརྩིས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས། འགག་སྒྲོལ་གྱི་གོམ་སྟབས་དལ་དུ་མི་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། ངར་ཤུགས་མི་ཆག་པ་བཅས་རྒྱུན་འཁྱོངས་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཚང་མར་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྤྱི་འདོམས་སྦྲེལ་མཐུད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དབུལ་པོ་རང་ལོག་བཀག་འགོག་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། ཞིང་འབྲོག་པར་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དམིགས་ཚད་གཙོ་བོར་བརྩིས་ཏེ། དབུལ་སྒྲོལ་གྱི་སྤུས་ཚད་མཐོར་གཏོང་ལ་སྔར་བས་མཐོང་ཆེན་དང་། ནང་གནས་ཀྱི་སྒུལ་ཤུགས་འཕེལ་རྒྱུར་སྔར་བས་མཐོང་ཆེན། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ཏེ་བརྟན་པོའི་ངང་དབུལ་སྒྲོལ་དང་དབུལ་པོ་རང་ལོག་བཀག་འགོག་གི་ཕུགས་ཕན་ལམ་སྲོལ་ཕྱོགས་ཡོངས་ནས་བཟོས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་དགོས།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྣམ་པ་ཟབ་མོ་སྔར་བས་གཏོད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། དྲིལ་བསྒྲགས་སྡེ་ཚན་གྱིས་སྤྱི་འདོམས་སྐུལ་འདེད་གཏོང་བ། རྫོང(ཆུས)ཁག་གི་སྡེ་ཚན་ཁག་གིས་ལས་བགོས་གཞོགས་འདེགས་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་གཞི་རྟེན་ཕུན་སུམ་ཚོགས་སུ་དང་ཐབས་ལམ་མང་དུ་གཏོང་བ་དང་། རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་ཕྱོགས་ཁག་གི་བློ་རིག་གཅིག་སྡུད་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

རྩོམ་སྒྲིག་པ། བདེ་སྒྲོལ།