དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བྱེད་ཐབས་དངོས་བཏོན་ནས་ལས་ཞུགས་ལས་གཏོད་ཀྱི་གསོན་ཤུཌ་འཕེལ་བར་བྱེད་དགོས།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་དང་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། སློབ་ཆེན་སློབ་ཐོན་སློབ་མ་དེ་བས་མང་བས་རང་ཉིད་ཀྱི་ལས་གནས་ཐོག་འབད་བརྩོན་ཆེན་པོས་མི་ཚེའི་རིན་ཐང་དང་ཕུགས་བསམ་མངོན་དུ་གྱུར་བར་བྱས་ཡོད། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། མིག་སྔར། “གཉིས་གཏོད”དང་ལས་རིགས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། ཁྲོམ་རའི་དགོས་མཁོ་དང་སྤྱི་ཚོགས་གསར་གཏོད་ཀྱི་ཐོན་ཁུངས་གནད་སྨིན་སྦྲེལ་མཐུད་བྱུང་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་འཇོན་ཐང་འཕེལ་བར་བྱས་ཡོད། སླད་ཕྱིན་བྱེད་ཐབས་དངོས་འདོན་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་གསོན་ཤུགས་དེ་བས་མང་བ་འཕེལ་བར་བྱེད་དགོས།
          ཞབས་ཞུའི་ཐོན་ལས་དང་ཤེས་ལྡན་པ་གསོ་སྐྱོང་ཟུང་འབྲེལ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་དགོས་ཤིང་། སློབ་གཉེར་གྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་གསོ་སྐྱོང་ནུས་ལྡན་བྱེད་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མར་ཕན་པའི་ཁྲོམ་རའི་ལས་ཞུགས་དང་། རང་བརྟེན་ལས་གཏོད། གཞི་རིམ་ལ་ཁ་ཕྱོགས་པ་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་དེ། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་གཞི་རིམ་དུ་གཞི་ཚུགས་པ་དང་། ཁེ་ལས་ལ་ཞབས་ཞུ། རང་བརྟེན་ལས་གཏོད་བཅས་ལ་རྒྱབ་སྐྱོར་བྱེད་དགོས།
          ཁྲོམ་རའི་གཙོ་ཁྲིད་དང་སྲིད་གཞུང་གི་སྐུལ་འདེད་ཟུང་འབྲེལ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་དགོས་ཤིང་། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་གི་སྐུལ་འདེད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས།
          སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ་འགན་ལེན་ཟུང་འབྲེལ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་དགོས་ཤིང་། ལྷུག་ཏུ་གཏོང་ཐུབ་རིགས་ལྷུག་ཏུ་གཏོང་བ་དང་རྩ་ཆག་གཏོང་ཐུབ་རིགས་རྩ་ཆག་གཏོང་བའི་རྩ་དོན་གཞིར་བཟུང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་ཁྲལ་དང་། དངུལ་རྩ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་ཞུགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

རྩོམ་སྒྲིག་པ། བདེ་སྒྲོལ།