དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕྱོགས་གཉིས་ཀར་དམ་འཛིན་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་རྒྱལ་ཁ་གཉིས་ལེན་རྒྱུའི་བརྩོན་ལེན་བྱེད་དགོས།

སྤེལ་དུས 2020-03-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          གཅིག་གྱུར་འཆར་འགོད་ལས་དོན་ཡག་པོ་སྒྲུབ་པ་དང་། གཙོ་གནད་འབུར་ཐོན་བྱེད་པ། ཤུགས་རྒྱག་སར་དམ་འཛིན་བྱེད་དགོས། ནང་འདྲེན་རང་བཞིན་གྱི་ཉེན་ཁའི་ཐད། འགག་སྒོར་གྲལ་བཤེར་དང་། གནས་གཏན་འཁེལ་དུ་ལོགས་དབྱེ། སྨན་བཅོས་སྐྱོབ་བཅོས་བཅས་ལྷུ་ཚིགས་གསུམ་བརྒྱུད་ས་ཁོངས་ཕྱིའི་ནད་དཔེ་རྒྱལ་ནང་དུ་འཐོན་རྒྱུ་སྔོན་འགོག་ཡག་པོ་བྱེད་དགོས་པ་དང་། རྒྱལ་ནང་དུ་མུ་མཐུད་ཆ་འཕྲིན་ཡོངས་བསྒྲགས་དང་ཁ་གསལ་བྱས་ནས། རིམས་ནད་གཙང་སེལ་བྱེད་པའི་བརྒྱུད་རིམ་ནང་སྦ་གསང་དང་ཆད་ཞུ་བྱས་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཤིང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱས་ནས་རྒྱང་རིང་ལ་ཇུས་འགོད་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་ཡག་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆ་དང་ནང་གནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པས། རིམས་ནད་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་ཐད་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་དང་། ཚོད་འཛིན་ཐེབས་པའི་འཛད་སྤྱོད་དགོས་མཁོ་འཕེལ་བ་བྱེད་པ། དུས་ཐུང་གི་གནོན་ཤུགས་དེ་ཡུན་རིང་རིམ་སྤོར་གྱི་སྒུལ་ཤུགས་སུ་བསྒྱུར་བ་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བར་ཁམས་གསར་པ་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།