དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་རིཊ་ཁག་གི་མང་ཚོཊ་ཀྱི་གསར་གཏོད་སྙིང་སྟོབས་འཕེལ་བར་བྱེད་དགོས།

སྤེལ་དུས 2020-04-28 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་4ཚེས་27ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རིམ་སྤེལ་དཔྱད་གཏམ་དྲུག་པ《མི་རིགས་ཁག་གི་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས》ཞེས་པའི་རྩོམ་ཡིག་སྤེལ་འདུག 
          རྩོམ་ཡིག་ནང་བསྟན་དོན། མིག་སྔར་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དཀའ་ངལ་ཆེ་ཤོས་དང་མཐའ་མའི་གདོང་མཆོང་གི་ཕར་རྒོལ་ཤུགས་ཆེན་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་དང་། མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ་ནི་དེ་བས་གལ་འགངས་ཆེ་བ་དང་ཁ་ཚ་དགོས་གཏུགས་ཤིག་རེད།
བློ་སྐྱོར་རྒྱུན་མཐུད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས། མང་ཚོགས་དབུལ་པོ་ནི་དབུལ་སྒྲོལ་འགག་སྒྲོལ་བྱ་ཡུལ་རེད་ལ། དེ་བས་ཀྱང་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་པོ་རེད། མང་ཚོགས་དབུལ་པོའི་རང་སྟོབས་ཀྱི་ནུས་པ་སྐོང་འཐེན་གང་ལེགས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པའི་ཁོ་ཚོའི་ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་ཐབས་བྱས་ཚེ། གཞི་ནས་དབུལ་སྐྱོར་བྱེད་ཐབས་ཁག་གནད་སྨིན་དོན་འཁྱོལ་ཐུབ་པ་མ་ཟད། གྲུབ་འབྲས་ཀྱང་ཐོབ་ཐུབ། མང་ཚོགས་དབུལ་པོས་བྱེད་པོའི་འདུ་ཤེས་འཛུགས་པར་སྔར་བས་ཁྲིད་སྟོན་དང་ཁོ་ཚོའི་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དབུལ་པོའི་གནས་ལས་སྒྲོལ་བའི་མང་ཚོགས་དབུལ་པོའི་ཆོད་སེམས་དང་ངར་ཤུགས་གང་ལེགས་འདོན་དགོས། གོ་བདེ་ཤེས་སླའི་ལམ་ནས་མང་ཚོགས་དབུལ་པོས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པར་ཁྲིད་སྟོན་དང་། སྒུག་རྟེན་སློང་གསུམ་གྱི་བསམ་བློ་མཐའ་གཅིག་ཏུ་བསལ་ནས། འབད་འཐབ་ཀྱི་སྙིང་སྟོབས་འཛུགས་པ་དང“བསམ་པའི་ཞན་ཆ”སེལ་དགོས། སྲིད་ཇུས་ཀྱི་སྐུལ་ལྕག་དང་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ཏེ། ཏང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྒྲོལ་གྱི་དཔེ་མཚོན་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་དབུལ་པོས་སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་ཁོང་དུ་ཆུད་རོགས་བྱེད་པ། སྲིད་ཇུས་དོན་འཁྱོལ་ལ་རང་འགུལ་ངང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས། 
          རྩོམ་ཡིག་ནང་བསྟན་དོན། རིག་སྐྱོར་རྒྱུན་མཐུད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས། དབུལ་པོའི་གནས་ལས་སྒྲོལ་བར་ངར་ཤུགས་དགོས་ལ། ཤེས་བྱ་དང་། ལག་རྩལ། བསམ་ཕྱོགས་བཅས་དེ་བས་དགོས་པས་རྩ་བའི་ཐབས་ལམ་ནི་མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད། མང་ཚོགས་དབུལ་པོའི་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་གཏོང་བ་དམ་འཛིན་བྱ་གཞིར་བྱས་ཏེ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་བྱས་ནས་ཐོན་སྐྱེད་ཀྱི་བྱ་དགའ་ཁ་གསབ་དང་། ངལ་ནུས་ཁ་གསབ། རྒུད་གསབ་ལས་སྤྲོད་སོགས་ཀྱི་ལམ་སྲོལ་མང་ཙམ་སྤྱོད་པ་དང་། རྒྱ་ཆེའི་མང་ཚོགས་དབུལ་པོས་ལག་རྩལ་སྦྱངས་ནས་ཐོན་ལས་དང་མཉམ་འདྲེས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ། ཐོན་སྐྱེད་ལ་དམ་འཛིན་བྱས་ནས་ཕྱུག་པོ་ཆགས་ཐབས་བྱེད་པ། ལམ་སྲོལ་གསར་གཏོད་བྱས་ནས་ཁྲོམ་རར་ཞུགས་པ། དབུལ་སྒྲོལ་གྱི་འཇོན་ཐང་ཆེ་རུ་བཏང་ནས་ཕྱུག་འགྱུར་ཐབས་ལམ་ཡངས་སུ་གཏོང་དགོས། ངལ་རྩོལ་བྱེད་སྟངས་གསོ་སྐྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། ཚོང་གཉེར་འདུ་ཤེས་འཇགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་ཀྱི་རྩལ་ནུས་དང་འགྲན་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། 
          རྩོམ་ཡིག་ནང་ནན་བཤད་བྱས་དོན། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པའི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས་པ་དང་། ཁོ་ཚོར་རྒྱབ་སྐྱོར་བྱས་ནས་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཀྱིས་ཁོ་ཚོར་རང་རང་སོ་སོའི་འཇོན་ཐང་ངོམ་པའི་ཁོར་ཡུག་དང་ཆ་རྐྱེན་བཏོད་དེ། དུས་ཐོག་ཏུ་བྱ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་བསླབ་གཞི་ཡག་པོ་སྤྱད་དེ་སྔོན་ཐོན་དཔེ་མཚོན་གྱི་མིག་དཔེའི་སྣེ་ཁྲིད་ནུས་པ་སྔར་བས་འདོན་པ་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་ཟམ་མི་ཆད་པར་བཏང་སྟེ་མང་ཚོགས་དབུལ་པོར་མིག་དཔེ་ལྟ་ས་ཡོད་པ་དང་འབད་འཐབ་ཀྱི་ཁ་ཕྱོགས་ཡོད་པར་བྱེད་དགོས། ཁེ་ལས་སྣ་ཚོགས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་དབུལ་ཕོངས་ལ་དོ་ཁུར་བྱེད་མཁན་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་གཅིག་ཏུ་གཞོལ་མཁན་ཚོའི་སེམས་པ་གཅིག་ཏུ་བསྒྲིལ་ནས་བྱ་བ་སྒྲུབ་དགོས།