སྔོ་ལྗང་ལྗོན་ཤིང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་འགན་འཁྲི་ཞིག་རེད།
སྤེལ་དུས 2020-05-06
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འོས་འགན་ཤིང་འཛུགས་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོབ་པ་ཞིག་རེད། ལོ་ལྟར་གྱི་དཔྱིད་དུས་སུ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་འོས་འགན་ཤིང་འཛུགས་ལ་ཞུགས་མཁན་གྱི་མི་ཚོགས་གང་སར་མཐོང་རྒྱུ་ཡོད། དམངས་ཡོངས་ཀྱིས་ལག་པ་འགུལ་ནས་ཁྱིམ་གཞིས་མཛེས་བཟོ་དང་སྣོད་བཅུད་སྲུང་སྐྱོང་བྱས་པས་ཐང་རྒོད་སྔོ་ལྗང་ཅན་དུ་འགྱུར་བ་དང་ཁོར་ཡུག་ལེགས་སུ་ཕྱིན་ཡོད། འོན་ཀྱང་ས་མཐོར་ཤིང་འཛུགས་ནགས་བཟོ་བྱེད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།
ས་མཐོར་སྡོང་ཕྲུག་གསོན་ཚད་དམའ་བའི་གནད་དོན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས་ཤིང་། ཤིང་འཛུགས་ནགས་བཟོའི་ཉམས་མྱོང་གསོག་འཇོག་དང་ཚན་རྩལ་ཡར་ཐོན་བྱུང་བ་དང་སྦྲགས། ས་མཐོར་ཤིང་འཛུགས་ནགས་བཟོའི་བྱ་ཐབས་ལ་དོ་སྣང་དང་ཚན་རིག་ལག་རྩལ་བེད་སྤྱོད་བྱེད་དགོས་པ་ནི་མི་མང་ཆེ་བའི་ཐུན་མོང་གི་ངོས་འཛིན་ཞིག་རེད། ང་ཚོས་འབྲེལ་ཡོད་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གཏིང་ཟབ་དང་ཚོད་ལྟ་མང་ཙམ་བྱས་ནས་ས་མཐོར་སྡོང་ཕྲུག་གསོན་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གང་མགྱོགས་འཚོལ་ཞིབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་མ་བྱས་ན། ལོ་ལྟར་བཙུགས་པའི་སྡོང་ཕྲུག་ཤིང་རུལ་དུ་གྱུར་པ་དེ་ནི་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་འཕྲོ་བརླག་ཏུ་བཏང་བ་ཞིག་རེད་ལ། མི་རྣམས་ཀྱིས་འོས་འགན་ཤིང་འཛུགས་བྱེད་པའི་ཧུར་བརྩོན་རང་བཞིན་ཡང་ཆུང་དུ་འགྲོ་སྲིད།
ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་འཆར་གཞི་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས་ཤིང་། འོས་འགན་ཤིང་འཛུགས་བྱེད་པ་ནི་མི་ཚང་མའི་འགན་འཁྲི་ཞིག་རེད། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་དགོས་པ་མ་ཟད། འོས་འགན་ཤིང་འཛུགས་གི་དུས་འགོའི་གྲ་སྒྲིག་ལས་དོན་ཀྱང་ཡག་པོ་སྒྲུབ་དགོས། སྔོན་སླ་རྗེས་དཀའ་མཐའ་འཁྱོངས་ཀྱིས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་འབྲེལ་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཡང་མཐོང་ཆེན་བྱེད་དགོས་པ་དཔེར་ན། ཆུ་འདྲེན་ཁྲོམ་པ་འདྲུ་བ་དང་གདོང་ལམ་ཡག་པོ་བཟོ་བ་སོགས་རེད། རྨང་གཞིའི་སྒྲིག་བཀོད་དམིགས་སར་འབྱོར་བ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་བྱ་སྤྱོད་སྔོན་ལ་སྤེལ་བ་དང་ཆ་རྐྱེན་མི་འཛོམས་སར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་དགོས། དེ་ལྟར་བྱས་ན། གཞི་ནས་འོས་འགན་ཤིང་འཛུགས་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་ཐུབ།
རྩོམ་སྒྲིག་པ། བདེ་སྒྲོལ།