དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དུས་ཚོད་དམ་འཛིན་དང་དུས་བཟང་གཅེས་སྤྲས་བྱས་ཏེ་དཔའ་ངར་ཆེན་པོས་དུས་རབས་ཀྱི་གཞོན་ནུ་བཟང་པོ་བྱེད་དགོས།

སྤེལ་དུས 2020-05-06 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཟླ་5ཚེས་4ཉིན་ནི་ལྔ་བཞི་གཞོན་ནུའི་དུས་ཆེན་ཡིན་ཞིང་། ལྔ་བཞིའི་ལས་འགུལ་ནམ་ཡང་མི་ནུབ་པའི་བསམ་པའི་དཔལ་འབར་ཀྲུང་གོའི་ས་གཞི་ཆེ་མོར་ལོ་101རྒྱུན་འཛིན་བྱས་ཡོད། ལང་ཚོའི་འོད་མདངས་འཕྲོ་བའི་དུས་འདིར་ང་ཚོས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་དང་། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་བཅས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། “གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང“དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོའི”གཟི་བརྗིད་མཚན་སྙན་ཐོབ་པའི་སྔོན་ཐོན་དཔེ་མཚོན་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན།
          ལང་ཚོ་ནི་ཆེས་མཛེས་སྡུག་ལྡན་པའི་ལང་ཚོའི་དུས་ཚོད་ཅིག་ཡིན་ལ། གཞོན་ནུ་ནི་སེམས་ཤུགས་ཆེ་ཤོས་ཀྱི་སྟོབས་ཤུགས་ཤིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བོད་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་སྡེ་ཚོགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འབུངས་བ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་དཔའ་ངར་ཆེན་པོས་བྱས་ཏེ། རྒྱ་ཆེའི་ཕུལ་བྱུང་གཞོན་ནུ་ཚོའི་ཁྲོད་ནས་ཁག་གཅིག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་སར་གདོང་མཆོངས་བྱས་པ་དང་། ཁག་གཅིག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་སེམས་ནུས་ཡོད་རྒུ་བཏོན་པ། ཁག་གཅིག་གིས་བརྟན་ལྷིང་སྲུང་སྐྱོང་ཁྱབ་ཁོངས་ནང་གདོང་ལེན་བརྩོན་ལེན་ཧུར་ཐག་བྱས་པ། ཁག་གཅིག་གིས་གསར་གཏོད་ལས་གཏོད་ཀྱི་རླབས་རྒྱུན་ཁྲོད་ལང་ཚོའི་གཟི་བྱིན་ངོམ་པ། ཁག་གཅིག་གིས་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་ཞིང་ནང་དུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། ཁག་གཅིག་གིས་ཚན་རྩལ་རིག་གཞུང་གི་འཐབ་སར་བློ་རྩེ་གཅིག་སྒྲིམ་གྱིས་ཆེད་ལས་ཞིབ་འཇུག་བཅས་བྱས་ཏེ། ལས་རིགས་ཁག་ཏུ་རང་སྟོབས་རང་སྤེལ་དང་འགན་འཁྲི་ཕྲག་ཏུ་འཁུར་བའི་ལང་ཚོའི་རང་མདངས་གསལ་བར་བྱས་པ་དང་། དཔའ་ངར་ཆེན་པོས་ཕུགས་འདུན་དོན་གཉེར་དང་ཡར་རྒྱས་ལྷུར་ལེན་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཕུགས་བསམ་ཆེན་པོ་འཆང་བ། ཏན་ཏན་ཏིག་ཏིག་བྱེད་པ། དུས་རབས་ཀྱི་གཞོན་ནུ་བཟང་པོ་བྱེད་ཕོད་པ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་ལྷོད་མེད་བྱེད་རིང་མི་ཚེའི་ལེའུ་རྩོམ་དགོས་པའི”འབོད་སྐུལ་བྱས་ཡོད། དེང་གི་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འདོད་འདུན་ཡིན་ལ། དེང་དུས་བོད་ཀྱི་གཞོན་ནུའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཀྱང་རེད།
          དུས་ཚོད་དམ་འཛིན་དང་དུས་བཟང་གཅེས་སྤྲས་བྱེད་དགོས། མིག་སྔར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། སྤྲོ་སེམས་དེ་བས་ཆེ་བ་དང་སེམས་ཤུགས་དེ་བས་ཆེ་བར་བརྟེན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བྱ་སྤྱོད་ནང་ཞུགས་ཏེ། གཞོན་ནུའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་དྲང་ནུས་བརྒྱུད་སྤྲོད་དང་། རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་བརྟན་པོ་བརྒྱུད་སྤྲོད་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། བརྩེ་བ་གཞི་རིམ་ལ་འཆང་བ། སེམས་ནུས་མང་ཚོགས་དང་མཉམ་འདྲེས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་གར་སྟེགས་ཆེ་མོར་ཧུར་ཐག་ཞུགས་པ། གཞི་རིམ་ལ་ལེགས་སྐྱེས་འབུལ་བ་དང་། ཕ་ཡུལ་འཛུགས་སྐྱོང་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཐད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ནང་ཧུར་ཐག་ཞུགས་པ། སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་ལ་སྣེ་འཁྲིད་པ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས། རང་བརྟེན་གསར་གཏོད་དང་ལས་གཏོད་ཐད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། རང་འགུལ་ངང་ལས་ཞུགས་ཀྱི་འདུ་ཤེས་སྒྱུར་བ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་པ། ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། སྣོད་བཅུད་འཛུགས་སྐྱོང་བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པའི་འདུན་པ་འཆང་བ་བཅས་བྱས་ཏེ། ལང་ཚོ་ཕུགས་འདུན་གྱི་རྐྱེན་པས་བཀྲག་མདངས་འཚེར་བ་དང་། འབད་འཐབ་དབང་གིས་ངོ་མཚར་སྐྱེ་བ། ལེགས་སྐྱེས་དབང་གིས་དོན་སྙིང་ལྡན་པ་བཅས་ཡོང་བ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཐད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རང་ཉིད་ཀྱི་ཕུགས་བསམ་དང་ཧུར་སེམས་གང་ལེགས་མངོན་པར་བྱས་ཏེ། འགན་འཁྲི་འཁུར་རིང་སྦྱོང་བརྡར་ཐེབས་པ་དང་། འགན་འཁྲི་སྒྲུབ་རིང་འཚར་ལོངས་ཡོང་བ། ཕུགས་བསམ་འཆང་བ་དང་། གཤིས་རྒྱུད་ལ་ཞུན་བརྡར། ཏན་ཏན་ཏིག་ཏིག དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་ལང་ཚོ་སྐྱེས་སུ་འབུལ་བའི་དུས་རབས་ཀྱི་ལེའུ་རྒྱུན་ཆད་མེད་པར་རྩོམ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།