དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

སྤེལ་དུས 2020-05-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གྲོང་གསེབ་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ལས་བྱེད་པར་ཐུག་པ་དང་། གྲོང་གསེབ་སྟོབས་ཆེར་གཏོང་ཐུབ་མིན་ནི་རྦད་དེ་སྣེ་འདྲེན་པར་བརྟེན་དགོས།
          “ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པའི་འགག་རྩ་ནི་མིར་ཐུག་ཅིང་། ཤེས་ལྡན་མི་སྣ་ནི་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་པོ་ཡིན། “ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པར་ཤེས་ལྡན་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་ནི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དང་། “ཞིང་གསུམ”ལས་དོན་ལ་དམ་འཛིན་གང་ལེགས་བྱེད་པའི“གཙོ་ཤུགས་དམག”ཡིན། དེ་བས་གཞི་རིམ་གྱི་ཤེས་ལྡན་པའི་གསོ་སྐྱོང་ལ་སྣང་ཆེན་བྱས་ཏེ“ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་ཞེན། ཞིང་པར་དགའ་ཞེན”བཅས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་ཧུར་ཐག་བྱེད་དགོས།
          གཞི་རིམ་གྱི་ཤེས་ལྡན་པར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཞི་རིམ་གྱི་གཞུང་ཞབས་པ་བསྡུ་ཚད་མང་དུ་བཏང་ནས་འདེམས་སྒྱུར་སློབ་མ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་སྐྱེད་སྲིང་སྦྱོང་བརྡར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། དམིགས་བཙུགས་ལས་གནས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་ལ་ཉེར་མཁོ་ཆེ་ལ་དཀོན་པའི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། ལས་གནས་དང་སྒྲིག་ཁོངས་འོས་འཚམ་གྱིས་ལོགས་དབྱེའི་ལམ་སྲོལ་ཁྱབ་གདལ་བཏང་ནས་འཕྲོད་བསྟེན་དང་སློབ་གསོ་སོགས་ལས་རིགས་སུ་གསར་དུ་བསྡུས་པའི་བྱ་གཞག་ཚན་པའི་མི་སྣར“རྫོང་གིས་བསྡུས་ནས་ཤང་གིས་སྤྱོད་པ”དང་། “རྫོང་གིས་དོ་དམ་དང་སློབ་གྲྭས་སྤྱོད་པ” “ཤང་གིས་བསྡུས་ཏེ་གྲོང་ཚོས་སྤྱོད་པ”བཅས་ལག་བསྟར་བྱེད་དགོས། གཞི་རིམ་གྱི་ཤེས་ལྡན་པར་གདེང་འཇོག་བྱེད་པའི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་གྱིས་གཞི་རིམ་དུ་ཡུན་རིང་པོར་ཞབས་འདེགས་ཞུས་ཁར། གྲུབ་འབྲས་གཟེངས་སུ་ཐོན་པའི་གཞི་རིམ་གྱི་ཤེས་ལྡན་པར་ལས་གནས་བཀོད་སྒྲིག་དང་། རྣམ་གྲངས་འདུན་ཞུ། གོ་མིང་དཔྱད་ཞིབ་སོགས་ཀྱི་ཐད་གཟིགས་སྐྱོང་བྱེད་དགོས།
          མ་དངུལ་གཏོང་བར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནོར་སྲིད་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། ཐག་རིང་ས་ཁུལ་ལ་ཕྱོགས་དགོས། གྲོང་ཚོ་རིམ་པའི་སྒྲིག་ཁོངས་ལེགས་སྒྲིག་སྒྱུར་བཅོས་བྱས་རྗེས་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་གྲོང་ཚོ་རིམ་པའི་གཞུང་དོན་གྲོན་དངུལ་འོས་འཚམ་སྒོས་མང་དུ་བཏང་ནས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པའི་ཐོབ་ཆ་བརྟན་འཕར་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཁུལ་གྱི་ཆེད་འགན་ལས་དོན་པའི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་མ་ལག་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་སྡེ་ཁུལ་གྱི་ཆེད་བསྐོས་ལས་དོན་པ་སྤྱི་ཚོགས་ལས་དོན་གྱི་ལས་རིགས་ཐོབ་ཐང་གདེང་འཇོག་དང་སློབ་རྒྱུས་སློབ་གསོ་སོགས་སུ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། གྲོང་ཚོ(སྡེ་ཁུལ)ཡིས་ཆ་རྐྱེན་དང་མཐུན་པའི་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱེད་པའི་རང་བདག་དབང་ཆ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་སྡེ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཐབས་ལམ་འཚོལ་ཞིབ་བྱས་ཏེ་སྡེ་ཁུལ་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས།