ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2021-08-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་བདུན་པ།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་ཆོས་ལུགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལས། ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་གཏིང་ཟབ་མངོན་ཏེ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
           ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཆོས་ལུགས་ཀྱི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བར་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁ་གསལ་བཏོན་གནང་བའི“ཕན་འདོགས་པ་ལྔ”ཚད་གཞིར་བྱས་ཏེ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་འགལ་ཟླ་གཙོ་བོ་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་པ་དང་། དད་ལྡན་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཆོས་ལུགས་ཀྱི་འཛད་སྤྱོད་ཉུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་པའི་འགན་ལེན་བྱེད་དགོས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཆོས་ལུགས་ལས་དོན་ལ་མུ་མཐུད་ཁྲིམས་ལྟར་ཕྱོགས་ཡོངས་ནས་དོ་དམ་བྱེད་པར་ཤུགས་སྣོན་དང་། “ཁྲིད་སྟོན”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འདུ་ཤེས་ལག་བསྟར་གཏིང་ཟབ། བབ་བསྟུན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་པ་བཅས་བྱས་ནས“ཁྲིད་སྟོན”ལ་བྱེད་ཐབས་ཡོད་པ་དང་། “ཁྲིད་སྟོན”ལ་ཤུགས་སྣོན་རྒྱག་པ། “ཁྲིད་སྟོན”ལ་ཕན་འབྲས་ལྡན་པ་བཅས་ཡོང་བར་བྱེད་དགོས་པ་མ་ཟད། ཁྲིད་སྟོན་དང་། དོ་དམ། ཞབས་ཞུ་བཅས་བརྒྱུད་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་གང་ཐུབ་དང་ཆོས་ལུགས་ཀྱི་ཕན་མེད་ནུས་པ་འགོག་གང་ཐུབ་བྱེད་དགོས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར། ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་གཡོ་འགུལ་མེད་པ་མཐའ་འཁྱོངས་བྱེད་དགོས། དར་ཆ་གསལ་སྟོན་ངང་ཆོས་ལུགས་ལས་རྒྱལ་ཁབ་གལ་འགངས་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གལ་འགངས་ཆེ་བ། ཆོས་དད་པ་ལས་སྤྱི་དམངས་གལ་འགངས་ཆེ་བ་བཅས་གསལ་པོར་བཏོན་ནས་དད་ལྡན་སེར་སྐྱ་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དབྱེ་བ་འབྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ངོ་བོ་དང་མ་རུངས་ཁོག་བཅུག་ལ་ཐེར་འདོན་དགག་རྒྱག་བྱེད་ཕོད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས། དད་ལྡན་མང་ཚོགས་ཚོས་གོམས་སྲོལ་སྒྱུར་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། རང་རྟོགས་ངང་ཁྲིམས་དང་སྒྲིག་སྲོལ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་བ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་པ། ཤེས་དཔལ་གྱི་དར་སྲོལ་གསར་པ་འཛུགས་པ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཤེས་པར་སློབ་གསོ་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱེད་དགོས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་དར་སྤེལ་ཡོང་བར་སྣེ་ཁྲིད་བྱེད་པ་དང་། རང་ངོས་གསར་སྒྱུར་བྱེད་ཕོད་པ། འདུལ་ཁྲིམས་བསྟན་དོན་དང་བོད་བརྒྱུད་ནང་བསྟན་གསུང་རབ་སྦྱོང་བའི་ཐད་གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱིས་འགྲེལ་བཤད་རྒྱག་པ། བོད་བརྒྱུད་ནང་བསྟན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པ་གསལ་པོར་རྗོད་པ། བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་གཏོང་ཐབས་ལེགས་སུ་གཏོང་བ། གྲྭ་བཙུན་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་ཆོས་ལུགས་ཀྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ནས་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ཏེ་འགན་འཁྲི་འཁུར་ཕོད་པར་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས།
           ཆོས་ལུགས་ཀྱི་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ། སྤྱི་ཚོགས་ཞི་མཐུན་དང་མི་རིགས་འཆམ་མཐུན་བཅས་དང་འབྲེལ་བ་ཡོད། ང་ཚོས་ངེས་པར་དུ་ཆོས་ལུགས་ཀྱི་ལས་དོན་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་ཚུགས་དང་། རང་བདག རང་གཉེར་བཅས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ལ་བརྩི་རྒྱུ་མཐའ་འཁྱོངས། མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་མི་ཕོག་པ་བྱེད་པ་དགོན་སྡེ་དོ་དམ་གྱི་མཐའ་ཚད་དུ་བརྩི་བ། བདེན་ཡོད་སྤོབས་ཆེའི་སྒོ་ནས་ཆོས་ལུགས་ཁྱབ་ཁོངས་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།