ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་དགོས།

སྤེལ་དུས 2021-12-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          མྱུར་དཔྱད་ནང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་ཤིག་རེད། རྒྱ་ཆེའི་རིག་རྩལ་ལས་དོན་པས་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་ཏུ་བསྡུ་བ། མི་སྣ་གསར་པ་སྐྱེད་སྲིང་། རིག་གནས་དར་སྤེལ་གཏོང་བ། གཟུགས་བརྙན་གཏོད་པ་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཐོག སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་དང་སྤྱོད་རྩལ་གཉིས་ལྡན་ཡོང་རྒྱུར་བརྩོན་ལེན་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱས་ནས་དུས་རབས་གསར་པའི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་དང་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།