ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས།

སྤེལ་དུས 2022-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱིས་རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
  མིག་སྔར། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་ནི་ཁག་ཤོས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། གནས་བབ་ཇི་ཙམ་གྱིས་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་ན། ལས་འགན་དེ་ཙམ་གྱིས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བས། རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དེ་བས་དར་སྤེལ་གཏོང་དགོས། འདི་ནི་ང་ཚོས་འབད་འཐབ་མདུན་སྐྱོད་བྱེད་པའི་བསམ་པའི་གནས་ཚད་ཡིན་ལ། ང་ཚོས་འགག་སྒྲོལ་དཀའ་སེལ་གྱིས་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་ཀྱང་ཡིན།
  མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག རིམས་འགོག་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བར་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་ཕྱོགས་བརྟན་སྲུང་བྱེད་དགོས། རིམས་ནད་ཐོན་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་། ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་བཅོས། ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། རིམས་ནད་ཕྱིར་མི་མཆེད་པ་བཅས་བྱས་ཏེ། དམིགས་བསལ་གྱི་བྱ་སྤྱོད་ལ་བརྟེན་ནས་དམིགས་བསལ་གྱི་དོན་དག་ལ་ཁ་གཏད་བཅག་པ་དེ་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་ཡོད།
  རིམས་འགོག་གི་འཐབ་ས་མདུན་མར། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་མཁན་གྱི་ཏང་ཡོན་ལས་བྱེད་པ་ཡོད་ལ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་སྐྱོབ་མཁན་གྱི་སྨན་དོན་མི་སྣ་དང་། ཉིན་མཚན་མེད་པར་ལས་གནས་བརྟན་སྲུང་གིས་ལས་དོན་སྒྲུབ་བཞིན་པའི་གཞི་རིམ་ལས་བྱེད་པ། བཀའ་འབྱོར་མ་ཐག་ཉེན་མཆོངས་བྱེད་མཁན་གྱི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། བློས་གཏོང་ཕོད་ལ་ལེགས་སྐྱེས་འབུལ་རྒྱུར་དགའ་བའི་དང་བླངས་པ་སོགས་ནི“ལྡོག་སྐྱོད་པ”དང“དཔའ་རྒོད”ཅིག་ཡིན། ཁོང་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་རང་དོན་རྒྱབ་ཏུ་བསྐྱུར་ནས་གཞན་དོན་འཁུར་དུ་བླངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་འགོག་གི་སྙིང་སྟོབས་རླབས་ཆེན་མཚོན་པར་བྱས་ཡོད།
  ནད་དུག་དང་འཐབ་རྒྱུ་ཁོ་ན་ལས་ཕྱིར་བཤོལ་བྱེད་ཁོམ་གཏན་ནས་མེད་པས་གདོང་མཆོངས་བྱེད་རྒྱུ་ལས་མ་འདས། ང་ཚོས་ཡིད་ཆེས་བརྟན་པོས་མཐའ་འཁྱོངས་མཐར་ཕྱིན་བྱས་ཚེ། རིམས་འགོག་གི་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོན།