ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མཉམ་འགོག་མཉམ་སྡོམ་དང་དམངས་འགོག་དམངས་སྡོམ་གྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།

སྤེལ་དུས 2022-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ནས་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་གིས་འགོག་སྲུང་འཛིང་རགས་སྐྲུན་དགོས། མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་དཀའ་ངལ་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་ཇུས་གཅིག་གི་བསམ་བློ་ངེས་པར་དུ་བརྟན་པོ་འཛུགས་པ་དང་། མཉམ་འགོག་མཉམ་སྡོམ་གྱི་འགན་འཁྲི་གང་ལེགས་སྒྲུབ་པ། དམངས་འགོག་དམངས་སྡོམ་གྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མ་ལག་མཉམ་འགུལ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། མ་ལག་དམ་ཚགས་འཛུགས་པ། སྟོབས་ཤུགས་མཐའ་དག་གཅིག་སྡུད་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་དུག་མཆེད་རྒྱུ་བཀག་འགོག་བྱེད་དགོས།
  རིམས་ནད་ནི་བཀའ་རྒྱ་རེད། སྡེ་ཚན་ནས་ས་གནས་བར་དང་ཚན་པ་ནས་མི་སྒེར་བར་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་ཀྱི་ཛ་དྲག་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ། གནད་དོན་ལ་ཚོད་རྩིས་སྔར་བས་མང་ཙམ་བྱེད་པ་དང་། བྱེད་ཐབས་ལ་སྔར་བས་བསམ་གཞིག་ཞིབ་ཚགས་བྱེད་པ། ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་བྱེད་པ། འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་འཐབ་ཆེན་པོ་འདི་ལས་རྣམ་པར་རྒྱལ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
  མཉམ་འགོག་མཉམ་སྡོམ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་པར་འགག་རྩ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་གྱུར་འགོ་ཁྲིད་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་བཀོད་གཏོང་། བྱ་སྤྱོད་གཅིག་གྱུར་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྲིད་བཀའ་གཏོང་མཁན་མང་བ་དང་རང་འདོད་རང་སྒྲུབ་བྱ་རྒྱུ་སྔོན་འགོག་བྱས་ཏེ་འགན་འཁྲི་དོན་འཁྱོལ་ལ་བརྟེན་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
  རིམས་ནད་མ་མཆེད་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་པའི་འགག་རྩ་གཞི་རིམ་དང་གཙོ་གནད་སྡེ་ཁུལ་ལ་ཐུག་ཡོད། དམངས་འགོག་དམངས་སྡོམ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱ་ཆེའི་མང་ཚོགས་སྐུལ་སློང་དང་། སྒྲིག་འཛུགས། གཅིག་སྡུད་བཅས་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་གྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་སྤྱད་ནས་དྲ་མིག་དང་ཁྱིམ་ཚང་ལ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་ཐད་ཁུག་ཆ་མི་ལུས་པ་དང་སྤྱི་ཡོངས་ལ་ཁྱབ་པ་བྱེད་དགོས། འགག་སྒོ་མདུན་དུ་སྤོ་བ་དང་སྟོབས་ཤུགས་གཤམ་སྐྱོད་ལ་ཤུགས་སྣོན་བརྒྱབ་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།
  “རིམས་ནད”ལ་རྒྱལ་ཁ་ལེན་པར་བོད་དུ་ང་ཡོད། ང་ཚོས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་ལས་ཀའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་མི་ཚང་མས་ཕྱོགས་གཅིག་ལ་བསམ་བློ་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་བརྒྱབ་ཚེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཀའ་གནད་ལས་སྒྲོལ་ཐུབ་ངེས་རེད།