ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཕུགས་བསམ་ཡོད་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ནུས་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་ཞེས་པ་སྤེལ་ཡོད།

སྤེལ་དུས 2022-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    སྤྱི་ཟླ་11ཚེས་12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཧྲེན་ཧྥེ“ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག”གི་རུ་མིར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གི་རུ་མིས་མཁའ་འགྲུལ་སྒྲིག་ཆས་ཞིབ་བཟོའི་འཐབ་ས་དང་པོར་གཞི་ཚུགས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད་ཐུགས་རེ་ནན་པོ་ཡང་བཅོལ་ཐོག རང་རྒྱལ་གྱི་མཁའ་འགྲུལ་ཚན་རྩལ་གོང་འཕེལ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་རང་རྒྱལ་གྱི་མཁའ་འགྲུལ་བཟོ་ལས་ཁྱབ་ཁོངས་ཀྱི་གཞོན་ནུ་ཚོས་མཁའ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་ཕོད་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད་ལ། རྒྱལ་ཡོངས་ལས་རིགས་ཁག་གི་གཞོན་ནུ་ཚོས་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་བ་དང་གདོང་མཆོང་སྔོན་ལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཇུས་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཐུབ་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་ཡང་སྐུལ་མ་ཐེབས་ངེས་རེད་ཅེས་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།