དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས

སྤེལ་དུས 2020-05-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་5ཚེས་2ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་དང་པོ《དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས》ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག
          རྩོམ་ཡིག་ནང་བསྟན་དོན། ཟླ་5ཚེས་1ཉིན་ནས་བཟུང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དངོས་སུ་བཀྲམ་ནས་ལག་བསྟར་བྱས་པ་རེད། འདི་ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་བཅས་ཡིན་ཞིང་། དེར་གསར་གཏོད་ཀྱི་རང་བཞིན་དང་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པས། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་གལ་འགངས་ཆེ་ཞིང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ངེས་རེད།
          རྩོམ་ཡིག་ནང་བསྟན་དོན། 《སྲོལ་ཡིག》གི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། 《སྲོལ་ཡིག》དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན། བཟོ་བཅོས་ཐེངས་མང་དང་ཡང་ཡང་བརྒྱབ་པ་བརྒྱུད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་ཡོད། དེ་ནི་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ། རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ། བོད་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་བསམ་པ་མཚོན་པ་བཅས་ཀྱི་གལ་འགངས་ཧ་ཅང་ཆེ་བའི་ས་གནས་ཀྱི་ཁྲིམས་སྲོལ་ཞིག་རེད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ཞིང་།《སྲོལ་ཡིག》ནང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་ཚད་གཞི་དང་། རྩ་བའི་གཞི་འཛིན་ས། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་མཁོ་འདོན་བྱས་ཡོད། 
          རྩོམ་ཡིག་ནང་ནན་བཤད་བྱས་དོན། 《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་བར་བྱེད་དགོས། བཅའ་ཁྲིམས་ཀྱི་དོན་སྙིང་ལག་བསྟར་ལ་ཐུག་ཡོད་ལ། བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ལས་རིགས་ཁག་དང་བྱ་གཞག་ཁག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་གནས་བབ་གལ་ཆེན་དུ་བཞག་ནས་དམ་འཛིན་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་ནས《སྲོལ་ཡིག》གི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མའི་སེམས་སུ་ཟུག་པར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་འགྱུར་བར་བྱེད་དགོས། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རྒྱ་ཁྱབ་གཏིང་ཟབ་དང་ཕྱོགས་ཡོངས་དང་རྒྱུན་བསྲིངས་ནས་སྤེལ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་ཡོངས་ལ་བཅའ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། 《སྲོལ་ཡིག》ལག་བསྟར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་དད་མོས་འཛུགས་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་པར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་ཡོད་པ་དང་མི་རིགས་ཀྱི་འབྲེལ་བ་སྔར་བས་བརྟན་དུ་གཏོང་དགོས།
          རྩོམ་ཡིག་ནང་འབོད་སྐུལ་བྱས་དོན། ང་ཚོས《སྲོལ་ཡིག》ལག་བསྟར་བྱེད་པ་དེ་འགོ་འཛུགས་ས་གསར་པ་ཞིག་ལ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཕྱོགས་ཡོངས་དང་གཏིང་ཟབ་རྒྱུན་སྲིང་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།   
རྩོམ་སྒྲིག་པ། བདེ་སྒྲོལ།