དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

ངལ་རྩོལ་འབྲེལ་བ་གསར་པ་འཛུགས་མཁན་གྱི་ལམ་སྟོན་པ་ཞིག་བྱེད་དགོས།

སྤེལ་དུས 2020-05-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ཞིག་ཡིན་པའི་བཟོ་ཚོགས་ཀྱིས་བླ་ན་མེད་པ་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་གྱི་ཡོད། སྨྱུག་འཛིན་པས་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་བཟོ་ཚོགས་ཀྱིས་ཀྱང་དུས་བསྟུན་མདུན་སྐྱོད་བྱས་ནས། འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཡོངས་ལ་དམིགས་པ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་བཟོ་ཚོགས་རྩ་འཛུགས་ཀྱི་དམིགས་ཚད་སྔར་བས་བསྒྲུབས་ཏེ། སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
          བཟོ་ཚོགས་ནི་ལས་བཟོ་དང་མང་ཚོགས་དབར་གྱི་མཚམས་སྦྱོར་བ་ཞིག་ཡིན་པས་གོང་ལ་ཞུ་ཐུབ་པ་དང་འོག་ལ་བཤད་ཐུབ་པའི་འབྲེལ་ཟམ་གྱི་ནུས་པ་ལྡན་ཞིང་། ལས་དོན་སྒྲུབ་རིང་རང་ངོས་ཀྱི་འོས་འགན་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱེད་དགོས། བཟོ་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རང་ངོས་ཀྱི་རིན་ཐང་གསལ་པོ་ཤེས་པ་དང་གནས་བབ་གསལ་རྟོགས་ཐུབ་པ་བྱེད་དགོས་པ་ནི་གལ་ཆེ་ཤོས་ཡིན། ཁེ་ལས་ཀྱི་མཉམ་སྡེབ་ཁེ་ཕན་གྱི་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ལས་བཟོའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
          བཟོ་ཚོགས་ནི་ལས་བཟོའི་ཁེ་ཕན་སྲུང་མཁན་གྱི“མགྲིན་ཚབ་པ”ཞིག་ཡིན་པ་དང་། ཁེ་ལས་ཀྱི་དོ་དམ་ནང་ཞུགས་པའི་ལས་བཟོའི“སྤྱི་འབྲེལ་བ”ཡང་ཡིན་པ་མ་ཟད། ངལ་རྩོལ་འབྲེལ་བ་གསར་པ་འཛུགས་མཁན་གྱི“ལམ་སྟོན་པ”དེ་བས་ཡིན། དུས་རབས་གསར་པའི་རྒྱབ་ལྗོངས་འོག བཟོ་ཚོགས་ཀྱིས་དུས་བབ་གསར་པས་དཀྲིས་པའི་ལས་འགན་གསར་པ་དང་འཚམ་མཐུན་ཡོང་བ་བྱེད་དགོས་ལ། སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་བྱ་ཐབས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་ལས་བཟོར་ཕན་བདེ་བསྐྲུན་པ་ལས་ཕྱི་ཚུལ་ཙམ་བྱེད་མི་ཉན། དངོས་སྒྲུབ་དང་སྤྱི་ཡོངས་ནས་འགོ་བརྩམས་ཏེ་གནས་ཀྱིས་ཁྱོན་ཡོངས་ཁྲིད་དེ་སྒྱུར་བཅོས་ཁྲོད་ལས་བཟོའི་ཁེ་ཕན་དོན་འཁྱོལ་བྱེད་པའི་མཐུན་ཆ་བཙལ་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ་དང་། “འདུ་ཤེས་གསུམ”ཟམ་མི་ཆད་པར་འཛུགས་རྒྱུ་ནི་ལས་དོན་གཙོ་བོ་ཞིག་ཡིན་པ་སྟེ། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཐད། ལས་བཟོའི་ཁེ་ཕན་གྱི་འབྲེལ་བ་དེ་བཟོ་ཚོགས་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ་དང་། རྩ་བའི་འདུ་ཤེས་ཐད། ལས་བཟོའི་བློ་ཡིད་ཚིམ་ཚད་དེ་བཟོ་ཚོགས་ལས་དོན་ལ་ཚད་འཇལ་བའི་རྩ་བའི་ཚད་གཞིར་བརྩི་དགོས་པ། འགན་འཁྲིའི་འདུ་ཤེས་ཐད། བཟོ་ཚོགས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས། རང་ཉིད་ཀྱིས་འཁུར་དགོས་པའི་འགན་འཁྲི་ཁུར་ཏེ་བཟོ་ཚོགས་ཀྱི་ལས་དོན་གྱིས་མི་དམངས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཐུབ་པ་བྱེད་དགོས་པ་བཅས་རེད།
          བཟོ་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། བཟོ་ཚོགས་རྩ་འཛུགས་ཀྱིས་རང་ཉིད་ཀྱིས་འདོན་དགོས་པའི་ནུས་པ་འདོན་དགོས་ལ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ལས་ཀའི་སྤྱོད་ཚུལ་བཟང་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་རྒྱུ་ནི་འགག་རྩ་ཡིན། སྤྱོད་ཚུལ་ཤིན་ཏུ་ལེགས་ཤིང་འཐབ་འཛིང་བྱེད་ཕོད་པའི་དཔུང་ཁག་དེ་རྩ་འཛུགས་ཟབ་ཟོབ་དང་ཨ་གསར་ཆེ་བའི་དཔུང་ཁག་དང་བསྡུར་ཚེ་སུ་ཡག་སུ་ཉེས་གླེང་མི་དགོས་པ་ཞིག་རེད། དེར་བརྟེན་བཟོ་ཚོགས་ཀྱིས་ཕུལ་བྱུང་གི་དཔུང་ཁག་ཅིག་གསོ་སྦྱོང་བྱས་ཏེ། སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་དང་བྱ་སྤྱོད་ལ་བརྟེན་ནས་ལས་བཟོ་གཞན་འཚར་ལོངས་དང་ཡར་རྒྱས་ཡོང་བར་སྣེ་ཁྲིད་བྱེད་དགོས།