དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

དབུལ་པོ་རང་ལོག་གནད་སྨིན་སྔོན་འགོག་གི་གྲངས་གཞི་ཆེ་མོའི་དངོས་མཚོན་བརྩམས་ཆོས་ཐོག་མ《ས་སྐྱོང་ཀྲུང་གོ》པར་སྐྲུན་བྱས་པ།

སྤེལ་དུས 2020-06-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་ཞིག་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལོ་ཞིག་རེད། ཉེ་ཆར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ས་སྐྱོང་ཀྲུང་གོ》ཞེས་པའི་ནང་རྟོག་བཟོ་གང་ཡང་མེད་པའི་སྒོ་ནས་ས་སྐྱོང་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་སྐོར་ཇི་མ་ཇི་བཞིན་དུ་བཀོད་པ་དང་། གྲངས་གཞི་ཆེ་མོའི་དུས་རབས་སུ་དབུལ་སྒྲོལ་འགག་སྒྲོལ་རྗེས་ཇི་ལྟར་བྱས་ཏེ་དབུལ་པོ་རང་ལོག་གནད་སྨིན་ངང་སྔོན་འགོག་བྱེད་པར་སྔ་བསམ་ཕྱི་བལྟས་ཀྱི་སྒོ་ནས་ལན་བརྒྱབ་པ་རེད།
          《ས་སྐྱོང་ཀྲུང་གོ》ཞེས་པའི་རྩོམ་པ་པོ་སྟེ་སྙན་ཞུའི་རྩོམ་རིག་གི་གྲགས་ཅན་རྩོམ་པ་པོ་ཏིང་ཡེ་ཧོ་དང་མའོ་ཡུང་ཝུན་གྱིས་ཐད་ཀར་བརྟག་དཔྱད་བྱེད་པའི་ཐབས་སྤྱད་དེ། ཧོ་པེའི་ཝུའེ་རྫོང་དང་། ཧུའུ་པེའི་ཞན་ཉིང་། ཤའོ་ཀན་སོགས་སུ་བསྐྱོད་ནས་འཐབ་ས་དང་པོའི་དབུལ་སྐྱོར་འགག་སྒྲོལ་པར་བཅར་འདྲི་བྱས་པ་དང་། ནད་གཞི་དང་། སློབ་ཞུགས། རང་བྱུང་གནོད་འཚེ་བཅས་ཀྱི་རྐྱེན་པས་དབུལ་པོ་ཆགས་པའི་གྲོང་གསེབ་དང་ཤང་དང་གྲོང་རྡལ་གྱི་ཁྱིམ་དུ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། གནད་དོན་ཆུང་ཙག་ལ་དབྱེ་ཞིབ་བྱས་པ་དང་། ས་གནས་དེ་གའི་དབུལ་སྐྱོར་དང་དབུལ་པོ་རང་ལོག་གི་སྔོན་འགོག་ཇུས་གཞི་གསར་གཏོད་བྱས་པ་ལས་མི་སེར་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེ་བཞིན་འཐབ་ས་དང་པོའི་དབུལ་སྐྱོར་མི་སྣས་འབད་འཐབ་བྱས་ཚུལ་དང་ལེགས་སྐྱེས་ཕུལ་ཚུལ་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། 《ས་སྐྱོང་ཀྲུང་གོ》ཞེས་པའི་ནང་བཀོད་པའི་དབུལ་པོ་རང་ལོག་སྔོན་འགོག་གི་དཔེ་གཞིར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སོགས་ཀྱིས་སྤྲད་པའི“གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དཔེ་གཞི་བསྡུ་རུབ་བྱེད་སྒོ”སྐབས་དང་པོའི་དབུལ་པོ་ཉུང་གཏོང་དཔེ་གཞི་ལེགས་ཤོས་ཀྱི་བྱ་དགའ་ཐོབ་ནས་ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཇུས་གཞིར་ལེགས་སྐྱེས་ཕུལ་བ་རེད། མིག་སྔར་དེབ་འདི་དབྱིན་སྐད་དང་། དབྱིན་ཏིའི་སྐད། ཐེ་ལན་གྱི་སྐད། ཝེ་ཐེ་ནམ་གྱི་སྐད་སོགས་སྐད་རིགས་མི་འདྲ་བའི་ཐོག་ནས་པར་སྐྲུན་ལེགས་གྲུབ་ཟིན་ཡོད་པ་རེད།
          དེབ་དེ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱི་གཙོ་གནད་བརྩམས་ཆོས“ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི”བརྗོད་དོན་གཙོ་བོའི་ཆེད་དོན་དང་2020ལོའི་ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་དཔེ་དེབ་གྲས་སུ་བཅུག་ཡོད།