དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

ཏང་གི་སྲིད་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་བ།

རང་ལྗོངས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2020-07-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས། ཏང་གཤིས་ཀྱི་སློབ་གསོ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་ཏང་ཡོན་འཕེལ་རྒྱས་དང་སློབ་གསོའི་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལྗོངས་ཡོངས་ཀྱི་ཏང་ཡོན་དཔུང་ཁག་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་ཐུབ་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་ཕྱིན་ཡོད།
           ཏང་ཡོན་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་གོ་རིམ་ནན་དུ་གཏོང་བ་ལས་རྣམ་པ་མི་འགྱུར་བ་བྱས་པ།
           ཏང་ཡོན་གསར་པ་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་བྱང་ཚད་ལེགས་པོ་ཡོང་བ་བྱ་ཆེད། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚད་གཞི་ནན་པོ་དང་ཆ་རྐྱེན་ཞིབ་ཚགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཆ་རྐྱེན་ལོགས་སུ་བཏོན་པ་དང་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱས་པ་དང་དུས་མཚུངས། བཀག་རྒྱ་གསལ་ཐོའི་དམར་ཐིག་བཟོ་བ་དང་ཆབ་སྲིད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཆབ་སྲིད་ཐད་སྐྱོན་ཆ་ཡོད་པ་དང་། ལོ་རྒྱུས་ཁ་མི་གསལ་བ། སྤྱོད་གཙང་ཐད་གནད་དོན་ཡོད་པ། མང་ཚོགས་ཁྲོད་བག་ཆགས་ཡག་པོ་མེད་པ་བཅས་ཀྱི་མི་སྣ་ཕྱིར་འབུད་མཐའ་གཅིག་ཏུ་བྱས་ཡོད།
           བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་མཚམས་ཁག་དང་ལྷུ་ཚིགས་ཁག་ཏུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་ཚད་ལྡན་བཟོ་བ་དང་། བརྒྱུད་རིམ་ལག་བསྟར་བྱེད་པའི་རྣམ་པ་མི་གྱུར་བ། གོ་རིམ་ལ་བརྩི་སྲུང་ཞུ་ཉུང་དུ་མི་གཏོང་བ་བཅས་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་གསོ་དང་། གསོ་སྦྱོང་། ཆབ་སྲིད་ཞིབ་བཤེར། རྟོག་ཞིབ། ཞིབ་མཆན་འགོད་པ་སོགས་ཀྱི་ལྷུ་ཚིགས་གཙོ་གནད་དུ་བཟུང་སྟེ། ཟུར་ཚད་མང་བ་དང་ཕྱོགས་ཡོངས་ནས་ཏང་ལ་ཞུགས་སའི་ཚན་པ་དང་། གྲོང་ཚོའི(གྲོང་ལྷན)འོས་སྦྱོར་པ། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གི་བསམ་འཆར་བསྡུ་ལེན་བྱས་ནས་ཆབ་སྲིད་གྱི་མཚོན་ཚུལ་དང་། ཏང་ལ་ཞུགས་པའི་ཀུན་སློང་། ལས་ཀའི་གྲུབ་འབྲས་དངོས་སོགས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་ཞིབ་བཤེར་བྱས་ཏེ། ཆ་རྐྱེན་ཚང་རིམ་བཞིན་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཡོད།
           དུས་ཡུན་རིང་པོའི་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་འཕེལ་རྒྱས་དང་དོ་དམ་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབས་པ་བརྒྱུད་ཏང་ཡོན་གསར་པ་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་གོ་རིམ་སྔར་བས་ཚད་ལྡན་དུ་སོང་ཡོད། ཕུལ་བྱུང་ཅན་འབོར་ཆེན་ཞིག་ཏང་རྩ་འཛུགས་ལ་ཞུགས་ནས་ཏང་ལ་གསོན་ཤུགས་གསར་པ་བསྣན་ཡོད། 2019ལོར་ལྗོངས་ཡོངས་སུ་ཏང་ཡོན་ཁྲི་1.6འཕེལ་རྒྱས་བཏང་བའི་ནང་ཞིང་འབྲོག་པ་ཏང་ཡོན་ཁྲི་0.8འཕེལ་རྒྱས་བཏང་ཡོད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཏང་ཡོན་ཁྲི་39.8ལྷག་ཙམ་ཡོད་པའི་ཁྲོད་ཞིང་འབྲོག་པ་ཏང་ཡོན་ཁྲི་19.6ལྷག་ཙམ་ཟིན་ནས་49.2%བཟུང་ཡོད།
           ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཏང་ལ་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་པ
           བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བར་དམིགས་ས་ཡོད་པ་དང་གཙོ་ཕལ་ཡོད་པའི་སྒོ་ནས་ཏང་ཡོན་འཕེལ་རྒྱས་བཏང་ཡོད།
           ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་སར་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ལ་སྣང་ཆེན་བྱས་ཏེ་འགག་རྩའི་དུས་སུ་སྐད་ཆ་ཤོད་ནུས་པ་དང་རལ་གྲི་འཕྱར་ཕོད་པ་བྱས་ཐོག་ཏང་དང་མི་དམངས་དང་བློ་སེམས་གཅིག་མཐུན་གྱི་ཞིང་འབྲོག་པ་དང་། དམག་ཞབས་ཐིམ་པའི་དམག་མི། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སོགས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་བཏང་ཡོད། 2019ལོར་མཐའ་མཚམས་ཀྱི་རྫོང་དང་ཤང་ནས་ཏང་ཡོན་གསར་པ་2000ལྷག་ཙམ་འཕེལ་རྒྱས་བཏང་ཡོད།
           བོད་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཡར་སྐུལ་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“རྒན་གྲས་གསུམ”གྱི་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་ཀྱི་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་ཏང་ཡོན་དང་ཏང་དོན་ལས་དོན་པ་སོགས་གཙོ་གནད་ཚོགས་སྤྱིར་འཚམས་འདྲི་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཏང་ནང་ཞུགས་པའི་གཟི་བརྗིད་དང་ཏང་གི་ལས་དོན་གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ་ཏང་ནང་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད། 2019ལོར་ལྗོངས་ཡོངས་སུ་མང་ཚོགས་ཁྲི་6.3གྱིས་ཏང་རྩ་འཛུགས་ལ་ཏང་ཞུགས་རེ་ཞུ་ཕུལ་ཡོད།
           སློབ་གསོར་ཤུགས་སྣོན་བརྒྱབ་ནས་དོ་དམ་ལ་དམ་འཛིན་བྱས་ཏེ་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱས་པ།
           ལྗོངས་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ། ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་དང“ཏང་ཡོན་ཚད་ལྡན་ཞིག་བྱེད་པ་དང་གདོང་ལེན་དཔེ་བཟང་བྱེད་པ”སོགས་ཏང་ཡོན་ལ་སློབ་གསོ་ཐེབས་ཚད་100%ཟིན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་དང་ལེན་བྱེད་བདེ་བའི་བྱེད་ཐབས་སྤྱད་དེ་ཏང་གཤིས་སློབ་གསོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ཁར་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཆོས་ལུགས་ལ་དད་པ་མི་བྱེད་པའི་ཁས་ལེན་ཡི་གེ་འཇོག་ཏུ་བཅུག་ཡོད། ལྗོངས་ཡོངས་ནས་ཆོས་དད་དང་ཆོས་ལུགས་བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་285གྲལ་བཤེར་ཐུབ་སྟེ་མི་226ལ་སློབ་གསོ་གཞན་སྒྱུར་དང་། མི་46རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་13ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་རེད།
           ལྗོངས་ཡོངས་ཀྱིས“གསོ་སྐྱོང་གསུམ”གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། 2019ལོར་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་3476གསོ་སྐྱོང་བྱས་ནས་བསྡོམས་མི་9311ཟིན་པ་དང་མང་ཚོགས་ཁྲི་1.5དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ”དང་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། ལྗོངས་ཡོངས་ཀྱི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་ཁྲི་13.6གིས་མང་ཚོགས་དབུལ་པོ་ཁྲི་26.62ལྷག་ཙམ་ལ་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། ཏང་ཡོན་28511གིས་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”སྒྲུབ་རོགས་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཏང་ཡོན་ཁྲི་30ལྷག་ཙམ་གྱིས་ཡུག་ཁུལ་དང་། དུད་ཚང་། མི་བཅས་འགན་གཙང་བླངས་ནས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞུགས་ཏེ་ལོགས་འཇོག་མང་ཚོགས་ལ་སྔོན་འགོག་དང་ཚོད་འཛིན་གྱི་དངོས་རྫས་སྤྲད་པ་དང་། ཚ་བ་བལྟ་བ། འཚོ་བའི་མཁོ་ཆས་ཉོ་སྒྲུབ། སྨན་བཅོས་མི་སྣ་འབྲེལ་གཏུག་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་དར་ཆ་དེ་རིམས་འགོག་གི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་40ཡིས་རང་མོས་ངང་ཞལ་འདེབས་སྒོར་དུང་ཕྱུར་1.15ཕུལ་ནས་ཏང་ཡོན་གྱིས་ཞལ་འདེབས་ཕུལ་ཚད་99.9%ཟིན་པ་དེ་ཐོག་ནས་རྒྱུན་གཏན་ནས་མཐོང་ཐུབ་པ་དང་། འགག་རྩའི་དུས་སུ་དོན་ཐུབ་པ། ཉེན་ཁའི་དུས་སུ་གང་ལའང་མི་འཛེམ་པ་བཅས་ཀྱི་ཏང་ཡོན་གྱི་རང་གཤིས་མངོན་ཡོད།