དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ།

སྤེལ་དུས 2021-01-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་དམག་ཁང་སྒོ་ར་ཆེན་པོ་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་གྲོང་མིའི་སྒོ་ར་ཞིག་རེད། དེར་དུད་ཚང་62ཀྱི་མི་གྲངས་200ལྷག་ཙམ་ཡོད། ཆོས་དད་དང་། འཚོ་བའི་གོམས་གཤིས། སྐད་ཆ་སོགས་འདྲ་ཡི་མེད་ཀྱང་། ལོ་མང་རིང་སྒོ་ར་ཆེན་པོ་འདིའི་ནང་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རམ་དང་། ཕན་ཚུན་བསྟུན་མཁས། ཕན་ཚུན་བརྩི་འཇོག་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བས། ཁྲེང་ཀོན་ཆུས་ཀྱིས“མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་པོར”བདམས་པ་རེད།
          དེར་འཚོ་བ་བསྐྱལ་ནས་ལོ་30ལྷག་ཙམ་སོང་བའི་གྲགས་པ་ནི་དམག་ཁང་སྒོ་ར་ཆེན་པོའི་ནང་གི་གཉིས་ལྡན་དུད་སྦྲེལ་གྱི་གྲས་ཤིག་རེད། གྲགས་པས“ང་ཚོའི་སྒོ་ར་དེའི་ནང་མི་རིགས་ཁག་མཉམ་དུ་སྡོད་ཀྱི་ཡོད་པ་དང་གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་ལྡན་པས། རྒྱུན་དུ་སུ་ལ་དཀའ་ངལ་འཕྲད་ནའང་ཕན་ཚུན་རོགས་རམ་བྱེད་པ་དང་བཀྲ་ཤིས་པའི་བྱ་བ་ཡོད་ཚེ་ཕན་ཚུན་རྟེན་འབྲེལ་ཞུ་བ་མ་ཟད། དུས་ཆེན་སྐབས་སུ་ཕན་ཚུན་འཚམས་འདྲི་ཞུ་རེས་ཀྱང་བྱེད་ཀྱི་ཡོད”ཅེས་བཤད།
          སི་ཁྲོན་ནས་ཡིན་པའི་སྐུ་ཞབས་ཞུས་ལགས་ཀྱིས་སྒོ་ར་ཆེན་པོ་དེའི་སྒོ་རྩར་སྒོ་རྩིས་ཚོང་ཁང་ཞིག་བཙུགས་ཡོད་པ་དང་། གྲོང་པ་ཚོས་རྒྱུན་དུ་ཁོང་གི་ས་ནས་ཅ་དངོས་ཉོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཐོག་མར་སྐུ་ཞབས་ཞུས་ལགས་ཀྱིས་སྒོ་རྩིས་ཚོང་ཁང་འཛུགས་སྐབས་དཀའ་ངལ་ཆེན་པོ་འཕྲད་ཡོད། འོན་ཀྱང་གྲོང་པ་ཁྱིམ་མཚེས་ཚོས་རོགས་པ་བྱེད་གང་ཐུབ་བྱས་ནས་ཁོང་དཀའ་ངལ་ལས་སྒྲོལ་རོགས་བྱས་པ་རེད། ད་ཆ་ཁོང་གིས་སྡེ་ཁུལ་དང་རང་ཉིད་ལ་རོགས་རམ་བྱེད་མཁན་གྲོང་པ་ཁྱིམ་མཚེས་ཚོར་ཐུགས་རྗེ་ཆེ་ཞུ་ཆེད། སྡེ་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ཚོང་ཁང་ནས་ཅ་དངོས་ཉོས་ཚེ་མ་གནས་བཞིན་འཚོང་རྒྱུ་ཡིན་ཞེས་རང་འགུལ་ངང་བརྗོད་པས། ཁོང་གི་སྒོ་རྩིས་ཚོང་ཁང་དེ་གྲོང་མི་ཨུ་ལྷན་གྱིས་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་ལ་བདམས་པ་རེད།
          དམག་ཁང་སྒོ་ར་ཆེན་པོ་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་བསྡུས་རིས་ཤིག་རེད། “བོད་ཞི་བས་བཅིངས་འགྲོལ་བཏང་ཚུན‘ཁ་འབྲལ་ཐབས་མེད་པ་གསུམ’གྱི་བརྩེ་སེམས་ཧ་ཅང་བརྟན་པོ་ཆགས་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིམ་པ་དང་པོའི་སྐོར་ཞིབ་འབུམ་རམས་པ་ཁྲེང་གཡོད་ཀྱིས་བཤད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་སྒོ་ར་ཆེན་པོ་ཁག་ནང་ཐོན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དག་ནི་མི་སེམས་འགུལ་བའི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་མི་རིགས་ཁག་གི་བུ་ཕྲུག་གིས་ལག་གདང་སྦྲེལ་ནས་དེ་བས་མཐུན་སྒྲིལ་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།