དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར24.42བཏང་ནས་གྲོང་གསེབ་དར་སྤེལ་ལས་དོན་ལ་རོགས་རམ་བྱས་པ།

སྤེལ་དུས 2021-03-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར24.42བཏང་ནས2021ལོའི་གྲོང་གསེབ་དར་སྤེལ་ལས་དོན་ལ་རོགས་རམ་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ཀྱིས་ཆུས་ཏང་ཨུ་དང་ཆུས་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་འཚོ་སྡོད་འོས་འཚམ། ཡུལ་སྲོལ་དཔལ་ཡོན་ལྡན་པ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ། “ཞིང་གསུམ”ལས་དོན་ཐད་གནས་པའི་གནད་དོན་དང་མི་འདང་སར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་། གྲོང་རྡལ་ཅན་གསར་གྲས་ཀྱིས་སྐུལ་ཁྲིད་དང་བཟོ་ལས་ཅན་གསར་གྲས་ཀྱིས་སྐུལ་སྤེལ་བྱེད་པའི་འགག་གནད་དེ་དམ་པོར་བཟུང་ནས་ལས་གཞི་ཆེན་པོ་དང་འཆར་གཞི་ཆེན་པོ། བྱ་འགུལ་གལ་ཆེན་བཅས་བཀོད་སྒྲིག་བྱེད་པ། ཐོན་ལས་འཕེལ་རྒྱས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས། མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་གལ་ཆེན་ལག་བསྟར་གནད་སྨིན་བྱེད་པ། འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་བཅས་བྱས་ནས་ཁྲེང་ཀོན་ཆུས་ཀྱི་གྲོང་གསེབ་དར་སྤེལ་ལ་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་། གོམ་སྟོབས་ཆེན་པོ་སྤོ་བ། མགོ་ཡག་པོ་འཛུགས་པ་བཅས་བྱས་ཏེ་བདེ་སྐྱིད་ལྡན་པའི་ལྷ་ས་དང་མཛེས་སྡུག་ལྡན་པའི་ཁྲེང་ཀོན་ཆུས་བསྐྲུན་ཆེད་མུ་མཐུད་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད།
           འབྲེལ་ཡོད་འགན་འཁུར་བས2021ལོར་ཁྲེང་ཀོན་ཆུས་ཀྱིས་གྲོང་གསེབ་དར་སྤེལ་རྣམ་གྲངས75ལག་བསྟར་བྱེད་པ་དང་བསྡོམས་པས་མ་དངུལ་སྒོར་ཁྲི244231.67གཏོང་རྩིས་ཡོད། ཐོན་ལས་རིགས་ཀྱི་རྣམ་གྲངས4ལ་བསྡོམས་པས་མ་དངུལ་སྒོར་ཁྲི4945.41བཏང་བ་དང་། སློབ་གསོའི་རིགས་ཀྱི་རྣམ་གྲངས23ཐད་བསྡོམས་པས་མ་དངུལ་སྒོར་ཁྲི84759བཏང་བ། རྨང་གཞིའི་སྒྲིག་ཆས་བསྒྱུར་བཀོད་རིགས་ཀྱི་རྣམ་གྲངས34ལ་བསྡོམས་པས་མ་དངུལ་སྒོར་ཁྲི117443.96བཏང་བ། རིག་གནས་ཡུལ་སྐོར་རིགས་ཀྱི་རྣམ་གྲངས2ལ་བསྡོམས་པས་མ་དངུལ་སྒོར་ཁྲི73000བཏང་བ། ཕྱི་རོལ་ལུས་རྩལ་རིགས་ཀྱི་རྣམ་གྲངས1ལ་བསྡོམས་པས་མ་དངུལ་སྒོར་ཁྲི2300བཏང་བ། གྲོང་ཚོའི་རྣམ་པ་བསྒྱུར་བཀོད་ཀྱི་རྣམ་གྲངས2ལ་བསྡོམས་པས་མ་དངུལ་སྒོར་ཁྲི546བཏང་བ། ཆུ་བེད་རྣམ་གྲངས8ལ་བསྡོམས་པས་མ་དངུལ་སྒོར་ཁྲི16908.3བཏང་བ། གསོག་ཉར་དང་འཁྱག་ཉར་རིགས་ཀྱི་རྣམ་གྲངས1ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7329བཏང་ཡོད་ཅེས་བཤད།
           ཁྲེང་ཀོན་ཆུས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། ཞིབ་མཆན་འགོད་པའི་དུས་བཅད་ཇེ་ཐུང་དུ་བཏང་སྟེ་རྣམ་གྲངས་དོན་འཁྱོལ་བྱ་ཆེད་ཞབས་ཞུའི་འགན་ལེན་བྱ་རྒྱུ་རེད། མུ་མཐུད་དུ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་སྔར་བས་མང་བོ་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་རྒྱུ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་བོད་ལྗོངས་ཀྱི་ཐོན་ལས་དར་རྒྱས་དང་། ཤེས་ལྡན་མི་སྣ་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།